དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་སློབ་ཚོགས་ཀྱི་2019ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང“ཟླ་བའི་ལྷ་མོ་ཨང་བཞི་པའི”ལས་འགན་ཚོགས་པར་འཛམ་གླིང་ཐོག་ཚོགས་པའི་གསེར་གྱི་བྱ་དགའ་གཅིག་པུ་དེ་ཐོབ་འདུག

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་25ཉིན་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་སློབ་ཚོགས་ཀྱི་2019ལོའི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དབྱིན་ཇིའི་ལོན་ཏོན་དུ་འཚོགས་ཤིང་། “ཟླ་བའི་ལྷ་མོ་ཨང་བཞི་པའི”ལས་འགན་ཚོགས་པར་ལོ་འཁོར་འདིའི་འཛམ་གླིང་ཐོག་ཚོགས་པའི་གསེར་གྱི་བྱ་དགའ་གཅིག་པུ་ཐོབ་པ་དེ་ནི་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་སློབ་ཚོགས་བཙུགས་ནས་ལོ153སོང་ཚུན་ཀྲུང་གོའི་རྣམ་གྲངས་ལ་བྱ་དགའ་སྤྲད་པ་ཆེས་ཐོག་མ་རེད།

ཀྲུང་གོའི་ཟླ་དཔྱད་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཡོན་ཧྲི་ཝུའུ་ཝུའེ་རེན་གྱིས“ཟླ་བའི་ལྷ་མོ་ཨང་བཞི་པའི”ལས་འགན་ཚོགས་པའི་འཐུས་མིའི་སྣེ་ཁྲིད་དེ་གདན་ཞུས་ལྟར་ད་ཐེངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། ཡོན་ཧྲི་ཝུའུ་ཝུའེ་རེན་གྱིས“ཟླ་བའི་ལྷ་མོ་ཨང་བཞི་པའི”ལས་འགན་ཚོགས་པའི་ཚབ་ཞུས་ནས་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་སློབ་ཚོགས་དང་བྱ་དགའི་ཨུ་ལྷན་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱལ་ཁབ་བམ་ཡང་ན་རྩ་འཛུགས་དེ་བས་མང་བས་ཀྲུང་གོ་དང་འཇིག་རྟེན་འཕུར་སྐྱོད་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་མིའི་རིགས་ཀྱི་བར་སྣང་འཚོལ་ཞིབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་ཐུན་མོང་ཐོག་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

“ཟླ་བའི་ལྷ་མོ་ཨང་བཞི་པའི”ལས་འགན་དེ་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་བསྐྱོད་པ་དང་། ཟླ་བའི་རྒྱབ་ངོས་དང་སའི་གོ་ལའི་བར་འཕྲིན་གཏོང་ཐོག་མ་མངོན་འགྱུར་བྱུང་བས། འཛམ་གླིང་གི་ཟླ་བའི་གོ་ལར་རྟོག་ཞིབ་བྱེད་པའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་བཏོད་ཡོད། “འཚོལ་ཞིབ་བྱེད་ཕོད་པ་དང་། ཕུགས་འདུན་ལ་སྙེགས་ཕོད་པ། མཐུན་སྦྱོར་འགག་སྒྲོལ། མཉམ་ལས་གཉིས་ཕན”བཅས་ཀྱི་ཀྲུང་གོའི་ཟླ་དཔྱད་སྙིང་སྟོབས་ལག་ལེན་བསྟར་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།