ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཡག་པོར་གཏོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ་12ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ཀྲུང་ནན་ཧའེ་རུ་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་ཚི་ལུའོ་ཕུའུ་ཡིས་སྣེ་ཁྲིད་གནང་བའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་ཚི་ལུའོ་ཕུའུ་ཡིས་སྣེ་ཁྲིད་གནང་བའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་ནས་ཀྲུང་ཨུའི་སྲིད་འཛིན་ཏང་གི་སྐད་ཆ་གླེང་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་གསུམ་པ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་མཉམ་སྡེབ་ཀྱིས་ཨུ་རུ་སུའི་མཛའ་གྲོགས་ཀྱི་བྱེད་ཕྱོགས་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དང་། སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ངེས་གཏན་ལ་འགྱུར་ལྡོག་གཏོང་མི་སྲིད་པ། ཀྲུང་གོས་ཨུ་རུ་སུ་རང་ཉིད་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་སུ་བརྩི་བ། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཐུན་མོང་གིས་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་འདོད་ཡོད་ལ་ཏང་གཉིས་པོའི་མཉམ་ལས་བརྗེ་རེས་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་བསྐྱོད་པར་རེ་བ་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།