ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་སྤྱོད་སར་མི་འགྲོ་བའི་ཚོང་རྟགས་རེ་ཞུ་ཕྱིར་སློག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11ཚེས་25ཉིན་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་2019ལོའི་དུས་ཚིགས་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་ཚོགས་འདུའི་ཐོག་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའི་ཁྲིམས་བསྟར་སིའི་སི་ཀྲང་སུང་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོའི་ཟླ་4པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཤེས་བྱའི་བདག་དབང་ཐད་བཟོ་བཅོས་བརྒྱབ་ནས་བསམ་ངན་གྱིས་ཐོ་འགོད་བྱས་པའི་ཚོང་རྟགས་ནི“བེད་སྤྱོད་གཏོང་སར་མི་འགྲོ་བའི་ཚོང་རྟགས་སུ་གཏོགས་པས་ཐོ་འགོད་རེ་ཞུ་ཅིས་ཀྱང་ཕྱིར་སློག་བྱེད་དགོས”ཞེས་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་དུས་མཚུངས་སུ་བསམ་ངན་ཐོ་འགོད་རེ་ཞུ་བྱེད་པའི་བྱ་སྤྱོད་ལ་མ་གཞི་ནས་སྲིད་འཛིན་ཆད་གཅོད་བྱེད་དགོས་ལ་བསམ་ངན་གྱིས་ཚོང་རྟགས་ཐོ་འགོད་རེ་ཞུ་དང་རེ་ཞུའི་ཚོང་རྟགས་བརྩེགས་མ་ཐོ་འགོད་བྱེད་པའི་བྱ་སྤྱོད་གཏན་འགོག་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།