ཀྲུང་གོ་བོད་ཀྱི་དྲ་བ།

མི་ཁྲི་བརྒྱ་ཙམ་2020ལོའི་ལོ་འཁོར་གྱི“རྒྱལ་ཁབ་རིམ་པའི་ཡིག་རྒྱུག”ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c856d6e3-b490-4a38-af87-48e0afcaf8e4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་24ཉིན་གསར་འགོད་པས་རྒྱལ་ཁབ་གཞུང་ལས་པ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི་2020ལོའི་ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་སྤྲོད་ཀྱི་སྤྱི་པའི་བསླབ་ཚན་གྱི་ཡིག་རྒྱུག་གི་ཉིན་དེར། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31གི་གྲོང་ཁྱེར་57དང་རྒྱུགས་གནས་927དུ་དུས་གཅིག་ཏུ་རྒྱུག་བླངས་པ་དང་ཁྱོན་མི་ཁྲི་96.5དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད། ད་ཐེངས་ཀྱི“རྒྱལ་ཁབ་རིམ་པའི་ཡིག་རྒྱུག”ནི་གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ལས་པའི་བཅའ་ཁྲིམས་ལག་བསྟར་བྱས་རྗེས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི་གཞུང་ལས་པ་རྒྱུགས་ལེན་ཐེངས་དང་པོ་ཡིན་པ་དང་འཆར་གཞི་ལྟར་ན་མི་ཁྲི་2.4བསྡུ་རྒྱུ་ཡིན་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་86དང་ཐད་གཏོགས་སྒྲིག་གཞི་23དང་འབྲེལ་ཡོད། ཁྱོན་རྒྱུགས་སྤྲོད་སློབ་མ་ཁྲི་114.2རྒྱུགས་མ་སྤྲད་གོང་རྒྱུག་རིན་སྤྲད་པ་དང་། མི་ཁྲི་5དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད། དཔྱད་གཞིའི་ཚད་84.5%ཡིན་པ་དང་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་སློབ་བསྡུའི་འཆར་གཞིའི་གྲངས་འབོར་གྱི་བསྡུར་ཚད་40:1ཡིན་པ་རེད། རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱིས་ཡིད་རྟོན་ཡིག་རྒྱུགས་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། སྐུད་མེད་གློག་གི་དོ་དམ། སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་ཡིག་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ། ཡིག་རྒྱུགས་ཀྱི་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ནས་རྒྱུགས་སྤྲོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་རེད། ས་གནས་ཁག་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རྒྱུགས་སྤྲོད་ལས་དོན་ལག་བསྟར་ཞིབ་ཚགས་བསྒྲུབས་ནས་རྒྱུགས་སྤྲོད་ལྟ་ཞིབ་དང་། སྐོར་སྐྱོད་རྒྱུགས་ལེན། རྒྱུགས་ལེན་ལས་དོན་མི་སྣ་ཁྲི་10ཡིས་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས་སྤྱིའི་ཡིག་རྒྱུགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།