ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས20ཉིན་ནས་ཚེས22ཉིན་བར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཧུའུ་པེན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་མུའུ་ཧྥེ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་གཞི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རིན་ལིག་ཧྥུན། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞན་ཧྭ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཝེ་ཧྲིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཝུའུ་ཡུས་མེན། མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་གཙོ་ཝུའུ་ཡུང་ལེང་བཅས་ཀྱིས་འཕྲོ་རིམ་འཕྲོར་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཚན་རིག་ལག་རྩལ་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཆུ་བེད་ཐིན། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་སུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ནས་ཡོང་བའི་ཏང་ཡོན་ལས་བྱེད་པ་སྟོང་དྲུག་གིས་སྒྲོག་འགྲོལ་སྙན་ཞུ་ལ་ཉན།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དགེ་མཚན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་རྟོན་ཇེ་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་སྤྱི་ཁོག་གི་རེ་བ་དང་སྤྱི་ཁོག་གི་དམིགས་འབེན། ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཕྱོགས་བཞི་ལ་དམིགས་ཏེ། དཔྱད་གཞི་ཡིག་ཆ་ཞིབ་མོ་དང་དཔེ་གཞི་གསོན་པོ། བབ་ཆགས་ཀྱི་སྐད་ཆར་བརྟེན་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་ཀློག་ཟབ་མོ་བྱས། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ད་དུང་ཡུལ་དངོས་ནས་ཚང་མ་དང་བརྗེ་རེས་བྱས་ཏེ། མཉམ་དུ་གནད་དོན་གཙོ་བོར་ཞིབ་སྡུར་བྱས།

ཞིང་ཆེན་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་ཏང་ཨུའི་ཆེད་བསྐོད་ཧྲུའུ་ཅི་གཞོན་པ་ཁྲིན་ཅིན་ཕེན་གྱིས་བཤད་རྒྱུར། སྒྲོག་འགྲེལ་གྱི་བརྗོད་དོན་མངོན་གསལ་ཡིན་ཞིང་ནང་དོན་ཕུན་སུམ་ཚོགས་ལ། གཙོ་གནད་འབུར་ཐོན་དང་འགྲེལ་བཤད་ཟབ་མོ་བྱས་ཡོད་པ་དང་། གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན་ཆེན་པོ་ལྡན། ཏང་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ནམ་ཡང་བཟོ་ཚོགས་བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་པོ་བྱེད་པ། བཟོ་ཚོགས་མ་ལག་གི་ལས་བྱེད་པས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པར་ཤུགས་བསྣན་ནས། ཚང་མ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དྲུང་ཡིག་ཁྲུའུ་བཞི་བའི་ལས་བྱེད་པ་ཅི་ཡན་ཧའེ་ཡིས་བཤད་རྒྱུར། སྒྲོག་འགྲེལ་བརྒྱུད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱེད་ཐུབ་པ་བྱུང་། གཞུང་སྒྲུབ་ཐིན་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་དགེ་མཚན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ལས་རྐང་གི་གནས་ཚུལ་དངོས་ལ་རྐང་བཙུགས་ནས། ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་ཟེར།

ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཞིན་གྱིས་བཤད་རྒྱུར། སྒྲོག་འགྲེལ་གྱིས་བརྗོད་དོན་ལ་དམིགས་ནས། སྒྲོག་འགྲེལ་གསལ་བོ་བྱས་པ་དང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་ལེན་བྱེད་པའི་ཐད་སྐུལ་སློང་དང་རོགས་རམ་འདོན་སྤྲོད་བྱེད་ཐུབ། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་པ། བྱ་བ་དངོས་ལ་ཟུང་འབྲེལ་བྱེད་པ་དང་འཚོལ་ཞིབ་གསར་གཏོད་ནན་མོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།