ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བསར་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་སྒྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པར་དམིགས་ནས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པ་ནི་གསར་སྐྲུན་སྲུང་སྐྱོབ་བྱེད་པ་ཡིན་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། གཟབ་ནན་སྲུང་སྐྱོབ་དང་གཅིག་གྱུར་མཐུན་སྦྱོར། གནད་ས་འབུར་ཐོན། འདྲ་མཉམ་སྲུང་སྐྱོབ་བཅས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མ་ལག་ལ་མུ་མཐུད་དུ་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་བསྡུས་སྒོས་བཅའ་ཁྲིམས་དང་སྲིད་འཛིན། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་    བཅོས་སྐྱོང་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྲུང་སྐྱོབ་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

བསམ་འཆར་ནས་ད་དུང་སྤྱིའི་རེ་བ་དང་ལམ་ལུགས་ཚོད་འཛིན་ལ་ཤུགས་བསྣན་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནན་མོ་བྱེད་པའི་སྲིད་ཇུས་དང་ཁྲིད་ཕྱོགས་གཏན་འཁེལ་བྱེད་པ། སྤྱི་ཚོགས་ལྟ་སྐུལ་མཉམ་བཅོས་ལ་ཤུགས་བསྣན་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་བྱ་བའི་རྣམ་པ་བཟང་བོ་གསར་སྐྲུན་བྱེད་པ། ཕྱི་འབྲེལ་འབྲེལ་འདྲིས་རྐྱེན་སྲོལ་ཆ་ཚང་དུ་བཏང་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་པ། རྨང་གཞིའི་ཆ་རྐྱེན་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་རོགས་འདེགས་བྱེད་པ། རྩ་འཛུགས་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་ནས་བྱ་བའི་ལས་འགན་དངོས་འབེབས་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།