ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་རང་རྒྱལ་མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏང་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་21ཉིན་གྲོལ་བའི་མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཉམས་མྱོང་བརྗེ་རེས་ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྨང་གཞིའི་སློབ་གསོ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཁྲོད་ཀྱི་ཁྱབ་གདལ་གཏང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པར་བསྟན།

མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་སློབ་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་དགེ་སློབ་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཇེ་བརྟན་དུ་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱིས་ཟླ་11ཚེས་20ནས་21ཉིན་བར་ཧའེ་ནན་ཞིང་ཆེན་ལིང་ཧྲུའེ་ལིའི་རིགས་རང་སྐྱོང་རྫོང་དུ་མི་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཚོགས་པ་རེད།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཁྲེན་ཀེ་ཧུའུ་ཡིས་དུས་ཡུན་རིང་པོའི་ནང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བརྒྱུད་མིག་སྔར་རྨང་གཞིའི་སློབ་གསོ་གྲངས་ཉུང་མི་རིགས་ཁྲོད་དུ་ཁྱབ་གདལ་གཏང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སློབ་གསོ་འདྲ་མཉམ་དང་བརྟན་བརླིང་ངང་འཕེལ་རྒྱས་སོང་ཞིང་། སློབ་གསོའི་སྤུས་ཚད་ཉིན་རེ་བཞིན་མཐོ་རུ་ཕྱིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སློབ་གསོ་ཐོབ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཡང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། “ཀྲུང་ཧྭ་མི་རིགས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་འདུ་ཤེས་མི་རྣམས་ཀྱི་སེམས་གཏིང་དུ་ཟུག་ནས་མི་རིགས་ཁག་གི་དགེ་སློབ་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།

ཧའེ་ནན་དང་། ཀོང་ཤིས། སི་ཁྲོན་སོགས་ནས་ཐོན་པའི་མི་རིགས་དོན་གཅོད་ཨུ་ལྷན་དང་སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མིས་མི་རིགས་ས་ཁུལ་དུ་སྤེལ་བའི་རྨང་གཞིའི་སློབ་གསོའི་ཉམས་མྱོང་མཉམ་སྤྱོད་བྱས།   ཧའེ་ནན་གྱི་འཐུས་མིས་ཞིང་ཆེན་འདིས་སློབ་གསོའི་དབུལ་སྐྱོར་གནས་སྤོས་ཡུལ་མིའི་བཟོ་འགོད་ལག་ལེན་བསྟར་བ་བརྒྱུད་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་བྱུང་ཡོད་ཅེས་བསྟན།   ཀོང་ཤིས་ཀྱིས“སློབ་སྔོན་སློབ་གསོའི་འཕེལ་རྒྱས་བཟོ་འགོད”སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་མི་རིགས་ས་ཁུལ་གྱི་སློབ་སྔོན་སློབ་གསོའི“བུ་བཅོལ་ཁང་དུ་ཞུགས་དཀའ་བ”དང“བུ་བཅོལ་ཁང་གོང་དཀའ་བ”དང“བུ་བཅོལ་ཁང་བཟང་བོར་སྐྱོད་དཀའ་བ”དང“སློབ་ཁྲིད་བྱེད་མཁན་ཡོད་པ”སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས།   སི་ཁྲོན་གྱི“ལོ་བཅུའི་འགུལ་སྐྱོད་འཆར་གཞི”དང་དེ་བཞིན་ཁ་གཏད་རོགས་སྐྱོར་དང་། སྡེ་བ་རེར་བྱིས་གཉོར་ཁང་རེ་དང་བརྙན་ངོས་སློབ་ཁྲིད་སོགས་ཀྱི་ལས་གཞིས་སློབ་གསོ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཡོད།   ལེའོ་ཉིང་དང་ཀོང་ཏུང་སོགས་ས་ཁུལ་གྱིས་མི་སྣ་གསོ་སྐྱོང་དང་། ལས་སྟེགས་སྐྲུན་པ། དོ་དམ་བྱ་ཚུལ་གསར་གཏོད་བཅས་བྱས་པ་བརྒྱུད་ཚན་རིག་དང་མཐུན་པའི་སྒོ་ནས་ནང་སའི་མི་རིགས་འཛིན་གྲྭའི་སྣེ་ཁྲིད་དེ་མི་སྣ་གསོ་སྐྱོང་བྱེད་པའི་འདུ་ཤེས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད། 

ཚོགས་ཞུགས་འཐུས་མི་ཚོས་མི་རིགས་ས་ཁུལ་གྱིས་མཐུན་སྒྲིལ་ལ་དམ་འཛིན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཚང་མ་རྨང་གཞིའི་སློབ་གསོ་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་མི་རིགས་ས་ཁུལ་གྱི་རིམ་པ་ཁག་དང་མི་རིགས་ཁག་གི་སློབ་གསོ་སྔར་བས་ཡག་པོ་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་དགེ་སློབ་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ལྷག་པར་དུ་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་ངལ་རྩོལ་སློབ་གསོ་སྤེལ་བ། གྲོང་གསེབ་སློབ་གྲྭའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། མཐའ་ཁུལ་གྱི་ལྟ་རྙིང་མཁྲེགས་འཛིན་གྱི་མི་རིགས་ཁག་གི་ཡུལ་མིའི་ཁྱིམ་ཚང་གི་ཕྲུ་གུ་ཐག་ཉེ་སར་སློབ་ཞུགས་ཐུབ་པ་དང་སློབ་ཞུགས་ཡག་པོ་ཐུབ་པར་འགན་ལེན་བྱ་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།