ཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་བཞི་པའི“1+6”བཞུགས་མོལ་གྲོས་ཞིབ་ཀྱི་མཉམ་འབྲེལ་གསར་འགྱུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འགློག་འཕྲིན་ལྟར། 2019ལོའི་ཟླ་11ཚེས་21ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་འཛམ་གླིང་དངུལ་ཁང་གི་ཧང་ཀྲང་མར་ཕ་སི་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་སྤྱིའི་དོན་གཅོད་པ་ཀེ་ཨོར་ཅི་ཡེ་ཝ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱིའི་ལས་དོན་པ་གཞོན་པ་ཨའོ་ཨོར་ཧྥུའུ། རྒྱལ་སྤྱིའི་ངལ་རྩོལ་བཟོ་པའི་རྩ་འཛུགས་ཀྱི་སྤྱིའི་ལས་དོན་པ་ལའེ་ཏེ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཆེ་ཀུའུ་ལི་ཡ། དངུལ་རྩ་བརྟན་ལྷིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཁའ་ཨེར་སི་བཅས་དང“1+6”བཞུགས་མོལ་གྲོས་ཞིབ་གནང་བ་རེད། ཚོགས་འདུའི་ཐོག“འཛམ་གླིང་གི་དཔལ་འབྱོར་སྒོ་དབྱེ་དང་། བརྟན་ལྷིང་། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་དམིགས་ནས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་དཔལ་འབྱོར། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སྒྱུར་བཅོས་སོགས་ཀྱི་གྲོས་གཞིར་བསམ་འཆར་བརྗེ་རེས་བྱས་པ་རེད།

ཚོགས་འདུའི་ཐོག་ཕྱོགས་སོ་སོས་ནོར་སྲིད་དང་། དངུལ་ལོ། དངུལ་རྩའི་སྲིད་ཇུས་ལ་འོས་འཚམ་གྱི་སྒྱུར་བཅོས་བྱས་ནས་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་དང་དངུལ་རྩའི་མ་ལག་གིལྡེམ་ཤུགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་རིང་ལུགས་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་སྔར་བས་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ། སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་གཏོད་རྒྱུར་སྐུལ་འདེད་བཏང་ནས་མི་རྩ་བར་འཛིན་པའི་བྱེད་ཐབས་བརྒྱུད་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་ར་ཇེ་ལེགས་སུ་གཏོང་དགོས་པ། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྟོབས་ལྡན་དང་། རྒྱུན་མཐུད། དོ་མཉམ། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་འབོད་སྐུལ་གནང་། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།