ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་འཛམ་གླིང་གི་5Gཚོགས་ཆེན་འཚོགས་་ཤིང་ཚའེ་ཆི་་དང་་ཝང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་འཛམ་གླིང་གི5Gཚོགས་ཆེན་ཚེས་21ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་དང་རྒྱལ་དོན་ཨུ་ཡོན་ཝང་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ་བ་རེད།

ཚའེ་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་སྤྱོད་ཀྱིས་འབྱུང་འགྱུར་གྱི་ཁྲོམ་ར་ཐུན་མོང་ཐོག་སྐྱེད་སྲིང་དང་གསར་འབྱེད་བྱེད་དགོས། རབས་གསར་པའི་འཕྲིན་གཏོང་ལག་རྩལ་གྱི་ལྟེ་བའི་སྒུལ་ཤུགས་ཤིག་ཡིན་པའི་ངོས་ནས་སྒུལ་བདེའི་འཕྲིན་གཏོང་ལག་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་རབས་ལྔ་པས་ཕན་ཚུན་འབྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ནས་དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བ། ལས་རིགས་ཁག་ལ་འཕོ་འགྱུར་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས་ཞེས་བཤད།

ཚའེ་ཆི་ཡིས་པེ་ཅིང་གི་ཚན་རྩལ་ཤེས་ལྡན་མི་སྣའི་ཐོན་ཁུངས་འདུས་ཚད་ཆེ་བ་དང་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བས5Gཁྱབ་ཁོངས་སུ་ཆ་ཚང་བའི་གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་བལྟོས་བཅས་ཀྱིས་ཆགས་ཡོད་པ་དང་། 5Gཚད་གཞིར་སྐུལ་འདེད་གཏོང་བ་དང་དྲ་རྒྱ་འཛུགས་སྐྲུན་དང་ཉེར་སྤྱོད་གསར་གཏོད་སོགས་ཀྱི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ང་ཚོས5Gཁྱབ་ཁོངས་ཀྱི་གསར་གཏོད་དང་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འཛམ་གླིང་གི5Gཐོན་ལས་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས།

ཝང་ཡུང་གིས་5Gལག་རྩལ་གྱིས་ཕྱོགས་ཡོངས་ནས་དྲ་རྒྱའི་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་གི་འགོ་བརྩམས་པ་དང་།   ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས།   5Gཚོང་སྤྱོད་བཀོད་སྒྲིག་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་།  5Gདང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ།   ནུས་ལྡན་སྒོས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་5Gལག་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།  

ཝང་ཡུང་གིས་སྒོ་དབྱེ་མཉམ་ལས་ནི་དེང་སྐབས་འཛམ་གླིང་གི་འཕེལ་ཕྱོགས་གཙོ་བོ་ཡིན་པས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་ཐུན་མོང་གིས་སྒོ་དབྱེ་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་5Gཐོན་ལས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་། འཛམ་གླིང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དར་རྒྱས་དང་། མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་གསུངས་པ་རེད།



རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།