ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཨ་མེ་རུ་ཀའི་སྲིད་ཏང་གླེང་མོལ་ལ་ཞུགས་པའི་ཨ་མེ་རུ་ཀའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125254747_15742476438081n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཀྲུང་གོ་དང་ཨ་མེ་རུ་ཀའི་སྐབས་བཅུ་གཅིག་པའི་སྲིད་ཏང་གླེང་མོལ་ལ་ཞུགས་པར་ཡོང་བའི་ཨ་མེ་རུ་ཀའི་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཝང་ཆིན་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རུ་ཀའི་བར་འབྲེལ་བ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་ཀྱག་ཀྱོག་མང་པོ་བརྒྱུད་ན་ཡང་། སྤྱི་ཁོག་ནས་འཕེལ་རྒྱས་སུ་སོང་ཡོད། འཛམ་གླིང་གིས་ཀྲུང་གོ་དང་ཨ་མེ་རུ་ཀའི་འབྲེལ་བར་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་སྲིད་ཏང་བར་དང་རིག་མཛོད། དཔལ་འབྱོར། དམངས་ཁྲོད་སོགས་རིམ་པ་སོ་སོའི་བརྗེ་རེས་འགྲོ་འོང་ལ་ཤུགས་བསྣན་ན། མཐུན་སྦྱོར་དང་མཉམ་ལས། གཏན་འཇགས་རྨང་གཞི་རུ་བྱས་པའི་ཀྲུང་གོ་དང་ཨ་མེ་རུ་ཀའི་འབྲེལ་བ་འཛུགས་པར་ཕན་པ་ཆེན་པོ་ཡོད། ལོ་རྒྱུས་ཀྱི་མཐོང་རྒྱ་སྔར་ལས་ཆེན་པོ་དང་ཤར་ནུབ་རྒྱུད་ཀྱི་རིག་གནས་ཞིབ་བསྡུར་གྱི་ཟུར་སྣེ་ལ་བརྟེན་ནས། འཛམ་གླིང་དང་ཕན་ཚུན་བར་གྱི་ལོ་རྒྱུས་དང་མངོན་སུམ་གྱི་རྒྱུས་ལོན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་འཛམ་གླིང་ཞི་བདེ་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོ་དང་ཨ་མེ་རུ་ཀའི་སྲིད་ཏང་གླེང་མོལ་གྱིས་དེའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཨ་མེ་རུ་ཀའི་དམངས་གཙོ་ཏང་གི་འཐུས་མི་ལུའོ་ཅཱ་ཧོས་དང་སྤྱི་མཐུན་ཏང་གི་འཐུས་མི་ཅེ་ཁི་ཤུན་སོགས་ཀྱིས་བསྟན་དོན། ཨ་མེ་རུ་ཀ་དང་ཀྲུང་གོའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཏང་གཉིས་ཀྱི་འཐུས་མིས་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་གོ་བར་བརྗེ་རེས་དང་གླེང་མོལ་བཟང་བོ་བྱས་ཏེ། མཉམ་དུ་འགལ་རྩོད་འོས་འཛམ་སྒོས་ཐག་གཅོད་པའི་བྱེད་ཐབས་འཚོལ་བ་དང་། ཀྲུང་གོ་དང་ཨ་མེ་རུ་ཀའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།