ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རེ་བའི་ལས་གཞི་དེ་སྔར་བས་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཡོངས་སུ་ཚོར་ཐུབ་དགོས་ཞེས་ནན་བཤད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་རེ་བའི་ལས་གཞི་ལག་ལེན་བསྟར་ནས་ལོ་30འཁོར་བའི་ལོ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རེ་བའི་ལས་གཞི་ལ་རེ་བཅོལ་གནང་བ་རེད།

ཁོང་གིས་བསྟན་དོན། ཏང་གི་འགོ་ཁྲིད་འོག་རེ་བའི་ལས་གཞི་ལག་ལེན་བསྟར་ནས་ལོ་30སོང་རིང་སློབ་སྐྱོར་མི་སྐྱོང་གི་དམིགས་ཚད་ལ་དམིགས་ཏེ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་སྐུལ་སློང་གི་ལམ་སྲོལ་གསར་གཏོད་བྱེད་པ། གཅེས་སེམས་རོགས་རེས་དང་བརྒྱུད་སྤྲོད་ཀྱི་འབྲེལ་ཟམ་བཙུགས་ནས་ཁྱིམ་ཚང་དབུལ་པོའི་གཞོན་ནུ་ལོ་ཆུང་གི་སློབ་ཞུགས་ཕུགས་འདུན་མངོན་འགྱུར་དང་མེས་རྒྱལ་འཛུགས་སྐྲུན་ཐད་འབད་འཐབ་བྱེད་པའི་ཀ་གདུང་ལྟ་བུར་གྱུར་ཡོད། རེ་བའི་ལས་གཞི་ཡིས་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ་དང་། སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞོན་ནུ་ལོ་ཆུང་འཚར་ལོངས་ལ་ཞབས་འདེགས་ཞུ་བ། སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

ཞི་ཅིན་ཕིང་གིས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། དུས་རབས་གསར་པར་སླེབས་སྐབས་གུང་གཞོན་ཚོགས་པས་རེ་བའི་ལས་གཞི་ཡི་བྱ་གཞག་སྔར་བས་ཡག་པོ་བསྒྲུབས་ནས་གཞོན་ནུ་ལོ་ཆུང་ལ་རོགས་རམ་གསར་པ་དང་རེ་བ་གསར་པ་སྦྱིན་དགོས་ཞེས་གསུངས་པ་རེད། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་མུ་མཐུད་དུ་རེ་བའི་ལས་གཞིར་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚང་མར་ཏང་གི་ཐུགས་ཁུར་དང་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས།

རེ་བའི་ལས་གཞི་ནི་གུང་གཞོན་ཚོགས་པ་དང་ཀྲུང་གོ་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་1989ལོར་གྲོས་འགོ་བཏོན་ནས་ལག་ལེན་བསྟར་བ་ཞིག་ཡིན་པ་དང་ས་ཁུལ་དབུལ་པོའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་ས་ཁུལ་དབུལ་པོའི་སློབ་ཤོར་གཞོན་ནུ་སློབ་གྲྭར་སྐྱེལ་རྒྱུ་ལས་འགན་དུ་བྱེད་པའི་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ཅིག་རེད། 2019ལོའི་ཟླ་9བར་རྒྱལ་ཡོངས་ཀྱི་རེ་བའི་ལས་གཞིར་རིམ་རྩིས་བྱས་ན་ཞལ་འདེབས་སྒོར་དུང་ཕྱུར་152.29ཕུལ་པ་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྲི་599.42རོགས་སྐྱོར་དང་། རེ་བའི་སློབ་ཆུང20195རོགས་སྐྲུན་བྱས་ཡོད་པ་བཅས་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།