ཀྲུང་གོ་བོད་ཀྱི་དྲ་བ།

​ཝང་དབྱང་གིས་ལའོ་ཝོ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125250504_15741670707351n.jpg

ཟླ11པའི་ཚེས16ཉིན་ནས་ཚེས19ཉིན་བར། ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སེ་སུང་ཕིན་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ལའོ་ཝོ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད། ཚེས16ཉིན་ནས་ཚེས19ཉིན། ཝང་དབྱང་གིས་ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས16ཉིན་ནས་ཚེས19ཉིན་བར། ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སེ་སུང་ཕིན་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ལའོ་ཝོ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད། ཚེས16ཉིན་ནས་ཚེས19ཉིན། ཝང་དབྱང་གིས་ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་མཇལ་འཕྲད་གནང་། 

ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སེ་སུང་ཕིན་གྱིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་ལའོ་ཝོ་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ལའོ་ཝོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་དང་ཙུང་ལི་ཐུང་ལུང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པ་ཉི་བཅས་ལ་མཇལ་འཕྲད་གནང་བར་མ་ཟད་སེ་སུང་ཕིན་དང་མཉམ་དུ་གྲོས་མོལ་མཛད།

པིན་དབྱང་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་བརྒྱུད་བསྒྲགས་བྱས། ཝང་དབྱང་གིས་བསྟན་དོན། ད་ལོའི་ཟླ4བར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་ཀྲུང་གོ་དང་ལའོ་ཝོ་ཡི་ལས་དབང་ཐུན་མོང་ཚོགས་པའི་འགུལ་སྐྱོད་འཆར་གཞི་འཛུགས་སྐྲུན་བྱེད་པར་མཉམ་དུ་མིང་རྟགས་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་གལ་ཆེན་འདོན་སྤྲོད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་ཕྱོགས་དང་མཉམ་དུ་མཐོ་རིམ་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཀྱི་འཐབ་ཇུས་མཐུན་སྦྱོར་ལ་དུས་ལྟར་ཤུགས་བསྣན་ནས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ལའོ་ཝོའི་སྐམ་སའི་བཀག་རྒྱའི་རྒྱལ་ཁབ་དེ་སྐམ་སའི་མཉམ་འབྲེལ་རྒྱལ་ཁབ་ཏུ་འགྱུར་བའི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་དང་རིམ་པ་མང་བ། ལམ་སྲོལ་རང་བཞིན་གྱི་གྲོས་མོལ་བརྗེ་རེས་སྤེལ་དགོས། ཝང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེས་བཅུ་དགུ་པའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད། ལའོ་ཝོ་ཕྱོགས་དང་མཉམ་དུ་ཏང་སྐྱོང་རྒྱལ་སྐྱོང་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། རང་་སོ་སོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་ལཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་བསྟན།

པིན་དབྱང་གིས་ཝང་དབྱང་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་རླབས་ཆེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པར་སེམས་གཏིང་ནས་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལའོ་ཝོ་དང་ཀྲུང་གོ་གཉིས་ནི་སྙིང་ཉེ་བའི་གྲོགས་པོ་དང་ལས་དབང་གཅིག་པའི་སྤུན་ཟླ་ཡིན། ལའོ་ཝོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལའོ་ཝོ་དང་ཀྲུང་གོའི་ལས་དབང་ཐུན་མོང་ཚོགས་པའི་འགུལ་སྐྱོད་འཆར་གཞི་མཉམ་དུ་ལག་བསྟར་བཟང་བོ་བྱེད་པ་དང་། ཏང་གཉིས་བར་གྱི་ཏང་འཛུགས་དང་རིམ་པ་སོ་སོའི་ལས་བྱེད་པའི་བར་གྱི་བརྗེ་རེས་ཇེ་དམ་དུ་བཏང་ནས། རང་སོ་སོའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་སྟེང་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་གནད་དོན་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཆ་ཚང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སེ་སུང་ཕིན་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་གི་མཛུབ་སྟོན་འོག་ཏུ་ཀྲུང་གོ་དང་ལའོ་ཝོའི་འབྲེལ་བ་དུས་རབས་གསར་བར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲེས་ཇེ་དམ་དུ་གཏོང་བ་དང་། ཆབ་སྲིད་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ཐོན་ནུས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལས་གཞི་ཆེན་པོ་ལག་བསྟར་བཟང་བོ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་གནས་སྐོར་ལོ་མཉམ་སྒྲུབ་བྱེད་པ་གོ་སྐབས་སུ་བཟུང་ནས་གནས་སྐོར་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་མི་གཞུང་བརྗེ་རེས་རྒྱ་སྐྱེད་འདོད་ཡོད།  ཀྲུང་གོ་མི་དམངས་སྲིད་གྲོས་ཀྱིས་ལའོ་ཝོ་རྒྱལ་འཛུགས་འཐབ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་བར་གྱི་འགྲོ་འོང་དང་ཕན་ཚུན་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏང་འདོད་ཡོད་ཟེར།

སེ་སུང་ཕིན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེགས་འགྲུབ་ཉམས་མྱོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཇུས་མིག་རྒྱང་དང་བཅོས་སྐྱོང་ནུས་པ་མངོན་མཚོན་བྱས་ཡོད། ལའོ་ཝོ་དང་ཀྲུང་གོ་གཉིས་ནི་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་། ལའོ་ཝོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་རྒྱབ་སྐྱོར་བྱས་ཏེ། ཏང་སྐྱོང་རྒྱལ་སྐྱོང་གི་ཐད་ནས་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་འདོད་ཡོད་ཟེར།

ཐུང་ལུང་ལ་མཇལ་འཕྲད་གནང་སྐབས་ཝང་དབྱང་གིས་གསུང་རྒྱུར། ཀྲུང་གོ་དང་ལའོ་ཝོ་གཉིས་ཀྱི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཡོད་པར་མ་ཟད། དཔལ་འབྱོར་གྱི་ཁ་གསབ་རང་བཞིན་དྲག་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝོ་སྲིད་གཞུང་དང་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་སྲིད་ཇུས་དང་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་བཟང་བོ་བྱས་ཏེ། ཀྲུང་གོ་དང་ལའོ་ཝའི་བར་གྱི་ལྕགས་ལམ་བཟོ་སྐྲུན་ལ་ཁག་ཐེག་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཡིག་ཆེན་མོ་ཞ་པའོ་ལུང་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།