ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་པེ་ཅིན་ནས་ཀྲུང་གོའི་ཕྱི་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཀྲུང་གོའི་ཕྱི་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། 

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཝང་ཧུའུ་ཉིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཕེབས་ནས་འཐུས་མི་རྣམས་ལ་སྙིང་ཉེ་བའི་ངང་ནས་ལག་འཇུ་བྱས་པར་མ་ཟད་དྲན་རྟེན་གྱི་མཉམ་པར་བསྐྱོན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་པདྨ་འཕྲིན་ལས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་བཅས་མཇལ་འཕྲད་ལ་ཞུགས། 

ཀྲུང་གོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝན་ལི་ཅོན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས། ཚོགས་ཆེན་སྟེང་དུ་ཞེ་ཀོ་མེན་དང་ཞུའུ་རོང་མང་གཉིས་སྐབས་ལྔ་བའི་ཚོགས་གཙོར་བདམས་པ་དང་། ཀྲུང་གོའི་ཕྱིར་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་སྐབས་བཞི་བའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུའི་འབྲེལ་ཡོད་གྲོས་ཆོད་དང་ཀྲུང་གོའི་ཕྱིར་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་སྒྲིག་ཡིག་གི་འབྲེལ་ཡོད་གྲོས་ཆོད། ཀྲུང་གོའི་ཕྱིར་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པའི་སྤྱི་ཕན་སློབ་ཞུགས་རོགས་དངུལ་འཛུགས་པའི་འབྲེལ་ཡོད་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་། 

ཀྲུང་གོའི་ཕྱིར་སྡོད་རང་མིའི་ཚོང་ལས་མཉམ་འབྲེལ་ཚོགས་པ་ནི་ཉིས་སྟོང་གསུམ་ལོར་བཙུགས་པ་དང་། དེ་ནི་ཀྲུང་གོའི་ནང་ཁུལ་དུ་དངུལ་གཏོང་ལས་བསྐྲུན་བྱས་པའི་ཕྱིར་སྡོད་རང་མིའི་དངུལ་གཏོང་ཁེ་ལས་པ་གྲགས་ཆེན་གྱིས་གྲུབ་པའི་རྒྱལ་ཡོངས་རང་བཞིན་གྱི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།