ཀྲུང་གོ་བོད་ཀྱི་དྲ་བ།

ཉེན་རྟོག་པས“དགེ་རྒན་རྫུས་མ”ཚོགས་པའི་ནང་འཛུལ་ནས་ཁ་བསླུས་རྒྱག་པར་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་ཁྲིམས་འགལ་བས་དགེ་རྒན་ཡིན་ཁུལ་བྱས་ནསQQཚོགས་པ་ནས་དངུལ་བསྡུས་ཏེ་སློབ་མའི་ཁྱིམ་བདག་མགོ་སྐོར་འོག་ཚུད་པའི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་གསར་པ་མང་པོ་ཐོན་ཡོད།

རིང་མིན་གོང་དུ་ཧོ་ཧྥེ་སློབ་འབྲིང་ཞིག་གི་ཁྱིམ་བདག་གིQQཚོགས་པའི་ནང“དགེ་རྒན”གྱིས་ཁྱིམ་བདག་ཚོར་སློབ་སྦྱོང་གི་དཔྱད་གཞིའི་གྲོན་དངུལ་དང་བསྐྱར་དཔར་གྲོན་དངུལ་བསྡོམས་སྒོར428བསྡུ་དགོས་པའི་བརྡ་ཐོ་བཏང་བ་དང་འབྲེལ། སྐད་འཕྲིན་ནང་དངུལ་བསྡུ་བའི་རྩ་གཉིས་ཨང་རྟགས་བསྐུར་བ་རེད། དེ་རྗེས་ཁྱིམ་བདག་མང་པོས་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲད་པ་དང་ཆབས་ཅིག པར་བླངས་ཏེ“དགེ་རྒན”གྱིས་ཐོ་འགོད་རྒྱུར་སྟབས་བདེ་བསྐྲུན་པ་རེད། གནས་ཚུལ་ཐོན་རྗེས་དངུལ་བསྡུ་མཁན་མི་དེ་ནི་དགེ་རྒན་མིན་པ་དང་སློབ་གྲྭས་དངུལ་བསྡུས་མེད་པ་གཞི་ནས་ཁྱིམ་བདག་ཚོས་ཤེས་རྟོགས་བྱུང་སྟེ་ཉེན་རྟོག་པར་སྙན་སེང་ཞུས།     ཉེན་རྟོག་པས་བདེན་མིན་ཞིབ་དཔྱད་རགས་ཙམ་བྱས་པ་བརྒྱུད། ཚོགས་པ་དེའི་ནང་གི་ཁྱིམ་བདག20མགོ་སྐོར་འོག་ཚུད་ཡོད་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་ཉེ་དུས་གྱོད་གཞི་དེའི་རིགས་ས་གནས་མང་པོར་ཐོན་ཡོད་པ་དང་ཁྲིམས་འགལ་བས་གྱོད་གཞི་བཟོ་སྟངས་མང་ཆེ་བ་ཁྱིམ་བདག་གིQQཚོགས་པའི་ནང་འཛུལ་ཏེ་མགོ་པར་དང་མིང་ཚོགས་པའི་ནང་གི་དགེ་རྒན་དང་གཅིག་པ་བཟོས་ནས་དགེ་རྒན་ཡིན་ཁུལ་གྱིས་ཟུར་ཁྲིད་གྲོན་དངུལ་ལམ་ཡང་ན་དཔྱད་གཞིའི་གྲོན་དངུལ་སྤྲོད་དགོས་ཞེས་ཆ་འཕྲིན་གཏོང་བ་དང་སྦྲགས་རྩ་གཉིས་ཨང་རྟགས་བསྐུར་ཏེ་ཁྱིམ་བདག་གིས་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲོད་དུ་འཇུག་གི་ཡོད་ཅེས་བཤད་པ་རེད

དེར་བརྟེན། ཉེན་རྟོག་པས་སློབ་གྲྭས་གྲོན་དངུལ་སྤྲོད་དགོས་པའི་བརྡ་ཐོ་བཏང་ཚེ་དོགས་ཟོན་བྱས་ནས་འཕྲལ་དུ་དངུལ་ཁོངས་མི་སྒྱུར་བར་སྔོན་ལ་ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན་སོགས་ཀྱི་བྱ་ཐབས་བརྒྱུད་དགེ་རྒན་ངོ་མ་དང་ཞིབ་བསྡུར་བྱེད་དགོས་ཞེས་དྲན་སྐུལ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།