ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་194རུ་འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11པའི་ཚེས་15ཉིན་2019ལོའི་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཧོ་ནན་ཤིན་དབྱང་དུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གྲོང་ཁྱེར་ཡན་ཆིང་ཁུལ་དང་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་སོགས་གྲོང་ཁྱེར་28ལ“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་དང་རང་རྒྱལ་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་194ལ་འཕར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་387གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པའི་བྱེད་སྒོ་སྤེལ་བ་དང་། ཞིང་ཆེན་19ཡིས་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་གཏོད་པའི་བྱེད་སྒོ་སྤེལ། ཞིང་ཆེན་11གིས་ནགས་ཚལ་གྲོང་ཁྱེར་ཚོགས་པ་བསྐྲུན་པ་དང་། ས་ཁོངས་ལས་བརྒལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་འཛུགས་སྐྲུན་མ་ལག་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནགས་རི་སྤང་ཐང་མཚེའུ་ཡི་མ་ལག་ལ་སྤྱི་ཡོངས་ནས་བཅོས་སྒྲིག་བྱེད་པ་དང་། སྣོད་བཅུད་བར་སྟོང་རྒྱ་བསྐྱེད་པ། སྣོད་བཅུད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྣོད་བཅུད་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ནས་ནགས་ཚལ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་རྒྱལ་ཁབ་རིམ་པའི་ནགས་ཚལ་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱས་ནས་གྲོང་ཁྱེར་ནང་ཁུལ་དང་གྲོང་ཁྱེར་གྱི་མཐའ་འཁོར། གྲོང་ཁྱེར་ཕན་ཚུན་བར་བཅས་ལ་ཁྱོན་ཡོངས་ནས་ཁྱབ་པར་བྱས་ཏེ་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་གཏོད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།