ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཆུ་འདྲེན་འདུ་འགོད་ལག་བསྟར་བྱས་ནས་ལོ་ལྔ་ཙམ་རིང་མི་ཁྲི5859ལྷག་ཙམ་ལ་ཕན་པ་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11ཚེས16ཉིན་གློག་འཕྲིན་འབྱོར་གསལ། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་འདུ་འགོད2014ལོའི་ཟླ12པར་ཕྱོགས་ཡོངས་ནས་ཆུ་དྲངས་ཏེ་ད་བར་ལོ་ལྔ་ཙམ་སོང་ཞིང་། གསར་འགོད་པར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་དང་མ་ལམ་གྱི་འདུ་འགོད་འཛུགས་སྐྲུན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། དབུས་རྒྱུད་ཆུ་འདྲེན་འདུ་འགོད་ལག་བསྟར་བྱས་ཚུན་འདུ་འགོད་འཁོར་རྒྱུག་བརྟན་པོ་བྱུང་བ་དང་ཆུ་མཁོ་འདོན་བྱེད་ཚད་ལོ་རེ་བཞིན་མང་དུ་ཕྱིན་ནས་ཚེས་16ཉིན་བར་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་255ལྷག་ཙམ་ཟིན་པ་དང་དེ་རྒྱུད་ཀྱི་ཐད་ཀར་ཕན་པ་ཐོབ་པའི་མི་འབོར་ཁྲི་5859ལྷག་ཙམ་ཟིན་གྱི་ཡོད་པ་རེད།

ལྟ་དཔྱད་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ལྔའི་རིང་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་འདུ་འགོད་ཀྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་བཅས་ས་ཆ་བཞིར་ཆུ་འདྲེན་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་མ་ཟད། ཕན་འབྲས་ཀྱང་སྔོན་དཔག་ལས་མཐོ་བ་བྱུང་ཡོད། ཟླ་འདིའི་ཟླ་འགོར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་འདུ་འགོད་ཀྱིས2018ལོ་ནས2019ལོའི་ལོ་འཁོར་གྱི་ཆུ་འདྲེན་ལས་འགན་ཚད་བརྒལ་ལེགས་གྲུབ་ཟིན་ཞིང་། རིམ་རྩིས་བྱས་ན་ཁྱོན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར69.16དྲངས་པ་དེས་ཆུ་འདྲེན་འཆར་གཞིའི117%ཟིན་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་བཞིར་ཆུ་མཁོ་འདོན་བྱེད་ཚད་ལོ་འཁོར་གྱི་འཆར་གཞིའི་ཆུ་བགོ་ཚད་ལས་བརྒལ་ཡོད་པ་རེད

གསར་འགོད་པར་ཉེ་ཆར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་འདུ་འགོད་ལམ་རྒྱུད་ནས་ཤེས་རྟོགས་བྱུང་བར། དབུས་རྒྱུད་ཆུ་འདྲེན་འདུ་འགོད་ལག་བསྟར་བྱས་པ་ནས་བཟུང་། “ལྷོ་ཆུ”པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧོ་ནན་སོགས་གྲོང་ཁྱེར་ཆེ་འབྲིང་20ལྷག་ཙམ་གྱི་ཆུ་འགོ་གཙོ་བོར་གྱུར་པ་དང་། ལམ་རྒྱུད་མང་ཚོགས་ཀྱི་འཐུང་ཆུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ་ས་ཁུལ་ཁག་གཅིག་གི་མང་ཚོགས་ཀྱི་ཧྥུའུ་འདྲེས་ཚད་མང་བའི་ཆུ་དང་བ་ཚྭ་ཅན་གྱི་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

ཆུའི་སྤུས་ཚད་ལྟ་དཔྱད་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ལོ་འགའ་ཤས་རིང་དབུས་རྒྱུད་ཆུ་འདྲེན་འདུ་འགོད་ཀྱི་ཆུའི་སྤུས་ཚད་དེ་ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞི་རིགས་Ⅱཔ་ཡན་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་དང་རིགས་Ⅰཔོའི་ཆུའི་སྤུས་ཚད་ཀྱི་བཅད་ཁའི་བསྡུར་ཚད་80%ཙམ་ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།