ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀེ་རི་སེའི་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་པར་ཙིར་གྱི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་གནང་རྗེས་པེ་ཅིང་དུ་ཕྱིར་ལོག་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་པར་ཙིར་དུ་ཕེབས་ཏེ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ལ་ཞུགས་རྗེས་ཟླ་11ཚེས་17ཉིན་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུའུ་རེན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲི། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་དང་མཉམ་དུ་ཕྱིར་ཕེབས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་ཞི་ཅིན་ཕིང་པ་ཞི་ལི་ཡ་ནས་ཞལ་གྱེས་ཏེ་རྒྱལ་ནང་དུ་ཕྱིར་ཕེབས་པ་དང་པར་ཙིར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་མི་སྣས་གནམ་ཐང་དུ་ཕེབས་སྐྱེལ་གནང་བ་རེད། 

རྒྱལ་ནང་དུ་ལོག་པའི་ལམ་བར་དུ་ཞི་ཅིན་ཕིང་སི་ཕེན་གྱི་ཐེ་ནེ་ལི་ཧྥེ་གླིང་ཕྲན་བརྒྱུད་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།