ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཨན་ཧོས་ཞིང་ཆེན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2019-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས་བཅུ་གཉིས་ཉིན་ནས་བཅོ་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཨན་ཧོས་ཞིང་ཆེན་དུ་ཕེབས་ནས་རྟོག་ཞིབ་མཛད། འདི་ནི་ཚེས་བཅུ་གསུམ་ཉིན། ཀྲའོ་ལི་ཅི་ཧོད་ནན་གྲོང་ཁྱེར་ཧྥིན་ཐའེ་རྫོང་ཏེན་ཀྲོང་སྡེ་བར་ཕེབས་ནས། གཞི་རིམ་གྱི་ལས་བྱེད་པའི་ཀུན་སྤྱོད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། བསམ་འཆར་དང་གྲོས་གཞི་ལ་ཉན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་ཨན་ཧོས་ཞིང་ཆེན་དུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་འཁྱོལ་བྱས་ཏེ། འགན་ནུས་འགན་འཁྲི་ལ་རྐང་བཙུགས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཁྲོད་དུ། འགན་སྲུང་ལག་བསྟར་ལ་ལྟ་སྐུལ་དང་འཕེལ་རྒྱས་འཐུས་ཚང་དུ་གཏོང་བར་ཡར་སྐུལ་བྱེད་པའི་ནུས་པ་ཧུར་ཐག་གིས་བཏོན་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཁག་ཐེག་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།