ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅང་ཞི་ནས་རྟོག་ཞིབ་མཛད་སྐབས་བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་དཀའ་གནད་སེལ་བ་དང་བྱེད་ཐབས་སྣ་མང་སྤྱད་དེ་དམངས་ཚིས་དོན་དངོས་བཟང་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2019-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེས་བཅུ་བཞི་ཉིན་ནས་བཅོ་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅང་ཞི་ཞིང་ཆེན་གྱི་ཅིན་ཏི་ཀྲིན་དང་ནན་ཁྲང་ནས་རྟོག་ཞིབ་མཛད། འདི་ནི་ཚེས་བཅུ་བཞི་ཉིན་ལིས་ཁི་ཆང་གིས་ཅིན་ཏི་ཀྲིན་གྱི་ཧྲན་ཐེན་ཆུ་མཛོད་ནས་ཐན་སྐྱོན་གྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བཞི་ཉིན་ནས་བཅོ་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅང་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཆི་དང་ཧྲིན་ཀྲང་དབྱི་ལེན་ཧུང་གཉིས་ཀྱི་འགྲོ་རོགས་འོག་ཏུ། ཅིན་ཏི་ཀྲིན་དང་ནན་ཁྲང་ནས་རྟོག་ཞིབ་མཛད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་སྒུལ་ཤུགས་སྤར་བ་དང་དཀའ་གནད་སེལ་བ། སྦས་ཤུགས་བསྐྱེད་པ་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་སྟོང་དུ་སྲུང་འཛིན་བྱེད་དགོས་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིས་ཁི་ཆང་གིས་ཅང་ཞིས་ཉེ་བའི་ལོ་འགའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། བློ་བརྟན་འགྱུར་མེད་ཀྱིས་ཡར་བརྩོན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་འགན་སྲུང་དང་ལེགས་བཅོས་སོགས་ཐད་ནས་གོང་འཕེལ་སྔར་ལས་ཆེན་པོ་ལེན་དགོས་པའི་ཐུགས་རེ་བཏོན།

ཞའོ་ཅེ་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།