ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཅང་ཞི་ནན་ཁྲང་ནས་འགོ་འཛིན་མཛད་དེ་ཞིང་ཆེན་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་དང་གཞི་རྩའི་དམངས་ཚིས་འགན་སྲུང་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125233654_15737422114621n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅང་ཞི་ནན་ཁྲང་ནས་འགོ་འཛིན་མཛད་དེ་ཞིང་ཆེན་ཁ་ཤས་ཀྱི་དཔལ་འབྱོར་གནས་བབ་དང་གཞི་རྩའི་དམངས་ཚིས་འགན་སྲུང་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཆི་དང་ཧྲིན་ཀྲང་དབྱི་ལིན་ཧོང་། ཅི་ལིན་ཞིང་ཆེན་གྱི་ཧྲིན་ཀྲང་ཅིན་ཅུན་ཧེ། ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱིན་ཡུང་། ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཡོན་ཅ་ཅུན། ཁྲུང་ཆིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཐང་ལེང་ཀྲི་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་དེ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཁོར་ཡུག་འོག་ཏུ་ཡོངས་ཁྱབ་ཏུ་བརྟན་བརླིང་ཡིན་པ་སྲུང་འཛིན་བྱས་པ་དང་སྔར་བཞིན་དུ་འཛམ་གླིང་དཔལ་འབྱོར་གྱི་མིག་དཔེ་རུ་གྱུར་ཡོད། ཡིན་ནའང་དེང་སྐབས་ཕྱི་ཕྱོགས་ཁོར་ཡུག་གི་རྒྱུ་རྐྱེན་མི་ལེགས་པ་དང་རྒྱལ་ནང་འཕེལ་རྒྱས་ཀྱི་དཀའ་ཁག་མང་པོའི་གནད་དོན་ཇེ་མང་དུ་འགྲོ་བ་མཐོང་དགོས་ལ། ས་གནས་ཁ་ཤས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཉམས་ཞན་དུ་འགྲོ་བཞིན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་ཅིས་ཀྱང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་བརྩོན་སེམས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་དགོས། འཕར་སྣོན་བརྟན་འཇགས་དང་དཔལ་འབྱོར་འཁོར་སྐྱོད་སྲུང་འཛིན་བྱེད་པ་དེ་ལུགས་མཐུན་བར་སྟོང་གི་འབུར་ཐོན་གོ་གནས་སུ་འཇོག་དགོས་པ་དང་། དེ་ནི་ད་ལོའི་དམིགས་འབེན་དང་ལས་འགན་གཙོ་བོ་མངོན་འགྱུར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།