ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པ་ཞི་ལིས་ཡ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20191115094212ZwVR.jpg

ཟླ11པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལིས་ཡ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས13ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལིས་ཡ་ནས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཅང་མ་འགོར་བའི་སྔོན་ལ། བདག་གིས་ཅིན་ནེ་ནས་ཁྱོད་དང་ཐུག་འཕྲད་བྱས་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་དང་དེ་མིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ང་ཚོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་བཞིན་ཡོད། ཀྲུང་གོ་དང་རྒྱ་གར་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་སྣ་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁེ་ཕན་དང་འཕེལ་རྒྱས་བར་སྟོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་ཁྱོད་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མདུན་དུ་སྐྱོད་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འགལ་བ་སྣ་ཚོགས་ལུགས་མཐུན་སྒོས་དོ་དམ་དང་ཚོད་འཛིན་བྱེད་པ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་དགོས་ཟེར།

མའོ་ཏིས་ཀྱིས་བཤད་རྒྱུར། ང་ཚོས་ཝུའུ་ཧན་དང་ཅིན་ནེ་ནས་ཐེངས་གཉིས་ལ་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་བར་གྱི་ཡིད་ཆེས་ཇེ་བརྟན་དང་མཛའ་བཤེས་ཇེ་ཟབ་ཏུ་བཏང་། ང་ཚོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་མང་པོ་དངོས་འབེབས་བྱེད་བཞིན་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུ་བར་མ་ཟད། ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཉོ་ཚོང་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་པ་དང་ནུས་ཁུངས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཏེན་ཞེའུ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།