ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས13ཉིན་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་པ་ཞི་ལེ་ཡ་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། པ་ཞིའི་ཙུང་ཐུང་པོ་སུའོ་ན་ལུའོ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་བཅས་མཉམ་དུ་ཕེབས་ཡོད་པ་རེད།

1125230224_15737044834541n.jpg

11པའི་ཚེས13ཉིན་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་པ་ཞི་ལེ་ཡ་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན།  དུས་ཚོད་ངེས་ཅན་ཞིག་ལ་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་གསར་པ་མང་པོ་བྱུང་ནས་གོ་སྐབས་ཀྱིས་ཁེངས་ལ་འགྲན་སློང་ཡང་མི་ཉུང་བ་ཞིག་ཡོད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་ཀྱི་སྒུལ་ནུས་རིམ་བཞིན་གློད་འགྲོལ་བྱུང་ནས་ཐོན་སྐྱེད་ནུས་ཤུགས་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་ཡོད། དུས་མཚུངས་སུ། སྲུང་སྐྱོང་རིང་ལུགས་དང་། བཙན་འཛུལ་རིང་ལུགས་ཀྱི་རླབས་ཟུར་གྱེན་ལྡོག་ཏུ་གྱུར་པ་དང་། རྒྱལ་སྤྱིའི་ཉོ་འཚོང་དང་མ་དངུལ་འཇོག་པ་ལ་ཕོག་ཐུག་བཏང་བས། འཛམ་གླིང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་ཕྱིན་ཡོད། ཁེ་ལས་ལ་ཡིད་ཆེས་ཡོད་ན་ཚོང་རར་གསོན་ཤུགས་ཡོད། བཟོ་ཚོང་གི་གྲོགས་པོ་རྣམ་པ་ཚོས་གོ་སྐབས་དམ་འཛིན་དང་། འགྲན་སློང་ལ་ཁ་གཏད་གཅོག་པ། རང་རང་སོ་སོའི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་བྱེད་པ། གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་ནང་ཞུགས་པ་དང་སྐུལ་འདེད་གཏོང་བ། འབོ་གསེར་རྒྱལ་ཁབ་ཏུ་མ་དངུལ་འཇོག་པའི་ལས་སྐྲུན་ཧུར་ཐག་བཅས་བྱས་ནས་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་ནི་དུས་མཚམས་རྗེས་མའི་འབོ་གསེར་དཔལ་འབྱོར་མཉམ་ལས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། སྔོན་ལ་སྒྲུབ་ཕོད་པ་བྱས་ཏེ་ཁེ་ལས་མཉམ་ལས་དེ་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་ལྔའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

1125230224_15737044834561n.jpg

11པའི་ཚེས13ཉིན་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་པ་ཞི་ལེ་ཡ་དུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།    

ཞི་ཅིན་ཕིང་གིས་དེང་སྐབས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་གནས་ཚུལ་ལ་ཐུག་ཡོད། རྒྱལ་སོ་སོའི་དཔལ་འབྱོར་ཚོང་དོན་མ་དངུལ་འཇོག་པའི་འགྲོ་འོང་ལ་བཀཀ་རྐྱེན་བཟོ་བའི་དཀའ་གནད་འཚོལ་བ་དང་། ལག་ལེན་དུ་འཁྱོལ་ཐུབ་པའི་ཐག་གཅོད་ཀྱི་གྲོས་འགོ་འདོན་པ། སྲིད་གཞུང་ལ་རོགས་མར་བྱས་ཏེ་ལས་རིགས་དང་ཁྲོམ་རའི་རེ་ཞུ་སྔར་བས་ཤེས་རྟོགས་ཐུབ་པ་དང་ཇུས་ཐག་གཅོད་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཡིན། མ་འོངས་པར་ཁ་ཕྱོགས་ནས། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་འཕེལ་ཕྱོགས་བཟང་པོར་འགྱུར་བ་བྱུང་མེད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཚོང་ར་སྒོ་འབྱེད་དང་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཆ་རྐྱེན་དེ་བས་ལེགས་པོ་བསྐྲུན་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས་ཁེ་ལས་པ་ཚོས་གོ་སྐབས་དམ་འཛིན་དང་ཧུར་ཐག་གིས་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

1125230224_15737050122791n.jpg

11པའི་ཚེས13ཉིན་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་པ་ཞི་ལེ་ཡ་དུ་བསྡུས།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། པ་ཞིའི་ཙུང་ཐུང་པོ་སུའོ་ན་ལུའོ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཕུའུ་ས་བཅས་མཉམ་དུ་ཕེབས་ཡོད་པ་རེད། 

གསེར་གྱོམ་རྒྱལ་ཁབ་ཀྱི་འཐུས་མི600ཙམ་མཛད་སྒོར་ཞུགས་པ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།