ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡ་ཏེན་ནས་ཞི་ལའི་སྔོན་ཆད་ཀྱི་ཙུང་ལི་ཆི་ཕུའུ་ལ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125223931_15735594755581n.jpg

ཟླ11པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ཏེན་ནས་ཞི་ལའི་སྔོན་ཆད་ཀྱི་ཙུང་ལི་ཆི་ཕུའུ་ལ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཞི་ལ་སྲིད་གཞུང་དང་མི་དམངས་ཀྱིས་དངུལ་རྩའི་ཉམས་ཉེན་ཤུགས་རྐྱེན་ལ་ཁ་གཏད་འཇལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་གཉིས་བར་གྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད།  ཞི་ལའི་དཔལ་འབྱོར་དཀའ་ཁག་ལས་ཐར་བ་དང་སྔར་གསོ་འཕར་སྣོན་མངོན་འགྱུར་བྱས་ཤིང་། ཀྲུང་གོ་དང་ཞི་ལའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་དང་ལྷག་པར་དུ་པུས་ལོས་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞི་ལག་བསྟར་བྱས་པ་བཟང་ཞིང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་འདུག ཁྱེད་དང་ཁྱེད་ཀྱིས་འགོ་ཁྲིད་པའི་སྲིད་ཏང་གིས་མུ་མཐུད་དུ་ཀྲུང་གོ་དང་ཞི་ལའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཆི་ཕུའུ་ལ་སི་ཡིས་བཤད་རྒྱུར། ཞི་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་གཟེངས་བསྟོད་བྱེད་ཀྱིན་ཡོད་པ་དང་། བདག་དང་བདག་གིས་འགོ་ཁྲིད་པའི་སྲིད་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་བསྣན་ནས། ཞི་ལ་དང་ཀྲུང་གོ་དང་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།