ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཅང་སུའུ་ཞང་ཧྥེ་ཐེན་ཅ་དབྱི་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟིའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་བར་ཞིབ་བཤེར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་འགན་འཁྲི་རྩད་གཅོད་ཞིབ་བཤེར་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པར་ཉན་པ་དང་། བདེ་འཇགས་ཐོན་སྐྱེད་དང་ལྷག་པར་དུ་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་དང་དོ་དམ་བྱེད་པ་སོགས་ཀྱི་གནད་དོན་ལ་ཆེད་དོན་དག་ཐེར་དང་བཅོས་སྐྱོང་བྱེད་རྒྱུ་བཀོད་སྒྲིག་བྱས་ཤིང་། བརྟན་འཇགས་རྒྱུ་ནོར་དངུལ་གཏོང་ལས་གཞིའི་མ་རྩའི་སྒོར་མོའི་དོ་དམ་ཆ་ཚང་དུ་གཏོང་བ་དང་། ནུས་ལྡན་དངུལ་གཏོང་ལ་སྐུལ་འདེད་བཏང་ནས་ཉེན་ཁའི་འགོག་སྲུང་ལ་ཤུགས་སྣོན་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།