ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཕ་རི་སིའི་ཨེ་ལེ་ཧྲི་ཕོ་བྲང་དུ་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125228702_15736603230181n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཕ་རི་སིའི་ཨེ་ལེ་ཧྲི་ཕོ་བྲང་དུ་ཧྥ་རིན་སིའི་ཙུང་ཐུང་མ་ཁི་ལུང་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། གཟའ་འཁོར་སྔོན་མར་སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཀྲུང་གོའི་རྒྱལ་དོན་འཚམས་འདྲི་བདེ་ལེགས་ངང་ལེགས་འགྲུབ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཛའ་བརྩེའི་བརྗེ་རེས་གཏིང་ཟབ་བྱས་ནས། འཐབ་ཇུས་རབ་དང་རིམ་པར་གཅིག་མཐུན་གྱི་ངོས་ཟིན་བྱུང་པ་དང་། ཀྲུང་གོ་དང་ཧྥ་རིན་སིའི་གནས་བབ་གསར་བའི་འོག་གི་ཆབ་སྲིད་ཡིད་ཆེས་དང་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྡང་མཉམ་སྦྲེལ་གྱིས་གོ་ལ་ཧྲིལ་བོའི་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཆོད་སེམས་བརྟན་པོ་བཅངས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་པའི་བརྡ་རྟགས་ཤིག་བསྟན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་བསམ་འདུན་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཧྥ་རན་སི། ཀྲུང་གོ་དང་ཡོ་རོབ་གླིང་བཅས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་པར་མོས་པ་ཡོད་ཟེར།

ཚེས་བཅུ་གཉིས་ཉིན་ལ། ཝང་ཆི་ཧྲན་སྐབས་གཉིས་པའི་ཕ་རི་སིའི་ཞི་བདེ་གླེང་སྟེགས་ཀྱི་མཛད་སྒོའི་སྟེང་ཞུགས་ནས་ཞུ་ཚིག་ཕུལ། ཁོང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་དུས་རབས་གཅིག་ལྷག་གི་རིང་ལ་གོང་འོག་འཚོལ་ཞིབ་བྱས་པ་བརྒྱུད་མཐར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ནས།ད་གཟོད་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བྱས་པ་རེད། ཀྲུང་གོ་གསར་བ་བཙུགས་ནས་ལོ་བདུན་བཅུའི་རིང་ལ། ཀྲུང་གོ་མི་དམངས་ཀྱིས་དཀའ་སྡུག་འབད་འཐབ་བྱས་ཏེ་རང་ཉིད་ལ་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྙེད་ཅིང་། རྒྱལ་ཁབ་ཀྱི་རྣམ་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད། བསམ་བློའི་སྙིང་སྟོབས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས། ཐོག་མར་རང་ཉིད་ཀྱི་དོན་བྱ་ལེགས་པར་བསྒྲུབས་ཤིང་གྲུབ་འབྲས་དང་གོ་སྐབས་དམ་འཛིན་བྱས་ནས། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་གྱིན་ཡོད། ཀྲུང་གོ་ནི་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་མཁན་བཅས་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་པ་བྱས་ནས། མིའི་རིགས་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་དང་། ཕན་ཚུན་ཡིད་རྟོན་དང་བརྩི་བཀུར། འདྲ་མཉམ་དྲང་གཞག མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་འཛུགས་སྐྲུན་བྱ་འདོད་ཡོད་ཟེར།

ཕ་རི་སིའི་ཞི་བདེ་གླེང་སྟེགས་ནི་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་ཉིས་སྟོང་བཅོ་བརྒྱད་ལོར་གྲོས་གཞི་བཏོན་ནས་བཙུགས་པ་རེད་ལ། རྒྱལ་ཁབ་བརྒྱད་བཅུ་ལྷག་གི་འགོ་གཙོ་དང་སྲིད་གཞུང་དཔོན་རིགས། མཐོ་རིམ་དཔོན་པོ། རྒྱལ་སྤྱི་དང་ས་གནས་ཀྱི་རྩ་འཛུགས་འགན་འཁུར་བ་བཅས་ཐེངས་འདིའི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ཡོད།                    

ཧྥ་རིན་སིར་སྡོད་པའི་དུས་ཡུན་ནང་། ཝང་ཆི་ཧྲན་གྱིས་མ་ཆི་ཏོན་བྱང་མའི་ཙུང་ཐུང་ཕིན་ཏ་ལོ་ཧྥུ་སི་ཅི་ལ་ཡང་མཇལ་འཕྲད་གནང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།