ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྦྲག་སྲིད་མངགས་ཐོ་དུང་ཕྱུར1ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་“11ཟུང”གི་ཉིན་དེར། ཀྲུང་གོའི་སྦྲག་སྲིད་ཀྱི་མངགས་ཐོ་དུང་ཕྱུར1ལས་བརྒལ་ཡོད། འབྱོར་ཐོ་ཁྲི6668ལ་སླེབས་ཡོད། EMSཡིས་སྔ་སྣུར་དུ་གཙོ་གནད་སྦྲག་བསྐུར་ཐག་གཅོད་ལྟེ་གནས་ཁག་གཅིག་གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། དྲ་བ་ཧྲིལ་པོར་ཉིན་རེར་ཆ་སྙོམས་ཐག་གཅོད་བྱེད་ནུས་ཁྲི2600འཕར་ཡོད།

“11ཟུང”སྡེབ་སྐྱེལ་གྱི་དུས་ཆོད་མཐོ་རུ་གཏོང་ཆེད། པེ་ཅིང་གྲོང་ཁྱེར་སྦྲག་སྲིད་ཅུས་བྱ་གཞག་པུས“མཐའ་མའི་སྤྱི་ལེ་གཅིག་གི་མྱུར་ཚད་མགྱོགས་སུ་གཏོང་བའི”རྣམ་པ་སྤྱད་དེ་སྔོན་འབྱོར་མངགས་ཐོ་ཁག་གཅིག་སྔ་སྣུར་དུ་ཐུམ་སྒྲིལ་རྒྱག་པ་དང་སྔ་སྣུར་དུ་མཛོད་ཁང་ནས་བཏོན་ནས་དྲ་ཚིགས་ཁག་ལ་གནས་སྐབས་ཉར་ཚགས་བྱས་པ་རེད། “11ཟུང”ཉིན་དེར་ཉོ་མཁན་གྱིས་མཇུག་དངུལ་སྤྲད་རྗེས་མཇུག་སྣེའི་དྲ་ཚིགས་ཀྱིས་ཐད་ཀར་མངགས་གཏོང་བྱས་པ་རེད། ཟླ་11ཚེས་8ཉིན་ནས་ཚེས་10ཉིན་བར་པེ་ཅིང་གྲོང་ཁྱེར་སྦྲག་སྲིད་ཀྱིས་དངོས་པོ་ཁྲི་9.2གོང་གི་རྣམ་པ་དེ་སྤྱད་དེ་མགྱོགས་མྱུར་དྲ་ཚིགས་ཁག་ལ་བསྐྱལ་བ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།