ཀྲུང་གོ་བོད་ཀྱི་དྲ་བ།

​ཉིང་ཞ་སྲུང་སྐར་ཨང་དང་པོ་བདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་11ཚེས་13ཉིན་གྱི་ཆུ་ཚོད་14དང་སྐར་མ་35ཡི་ཐོག་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་སྤྱད་དེ“མདའ་གཅིག་སྐར་ལྔའི”བྱེད་ཐབས་ཐོག་ནས་ཉིང་ཞ་སྲུང་སྐར་ཨང་དང་པོ(ཀྲུང་ཙེ་རྟགས་ཅན་གྱི་སྲུང་སྐར་ཡང་ཟེར)འཕེན་གཏོང་ལེགས་གྲུབ་བྱུང་བ་དང་སྲུང་སྐར་བདེ་བླག་ངང་དེ་སྔོན་གཏན་འཁེལ་བྱས་བའི་འཁོར་ལམ་ཐོག་འཁོར་བསྐྱོད་བྱུང་བས་ལས་འགན་ལེགས་འགྲུབ་བྱུང་ཡོད།

ཉིང་ཞ་ཨང་དང་པོའི་སྲུང་སྐར5ནི་ཉིང་ཞ་ཅིན་ཀུའེ་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་རང་བརྟེན་མ་འཇོག་བྱས་ནས་བསྐྲུན་པའི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་རྣམ་གྲངས་ཤིག་རེད། འཁོར་སྐར་གཙོ་བོ་འཚོལ་ཞིབ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་དགོས།

ཉིང་ཞ་ཨང་དང་པོའི་སྲུང་སྐར་དང་རྒྱང་སྐྱོད་ཨང་དྲུག་པ་ནི་འཇིག་རྟེན་འཕུར་སྐྱོད་ཀྱི་སྲུང་སྐར་ཏུང་ཧྥང་ཧོང་ཚད་ཡོད་ཀུང་སི་དང་ཧྲང་ཧའེ་འཇིག་རྟེན་འཕུར་སྐྱོད་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པ་ཞིག་རེད།

ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་མུ་འབྲེལ་འཇིག་རྟེན་འཕུར་སྐྱོད་ཀྱི་འཕུར་སྐྱོད་བྱེད་ཐེངས318དེ་རེད། 

  


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།