ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་།

ཞིས་ཅིན་ཕིང་གིས་བསྟན་དོན། ཟླ་སྔོན་མར་ཙུང་ཐུང་པོ་སོ་ན་ལུའོ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས་ང་ཚོའི་ཐུན་མོང་གི་ངོས་འཛིན་དང་ཤེས་རྟོགས་བྱུང་བར་དངོས་འབེབ་དོན་འཁྱོལ་ཡོང་བར་ཧུར་ཐག་བྱེད་བཞིན་ཡོད། དེ་སྔོན་མཇུག་འགྲིལ་མ་ཐག་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་པར་ཙིར་གྱི་འགྲེམས་ཞུགས་ཕྱོགས་ཀྱི་ཚོང་འགྲིག་ཚད་ལྡབ3.6འཕར་ཞིང་དགའ་འོས་པའི་གྲུབ་འབྲས་བླངས།  ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ནི་སའི་གོ་ལའི་ཤར་ནུབ་རྒྱུད་ཀྱི་གསར་དར་ཚོང་རའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ལྡན། ང་ཚོས་པར་ཙིར་གྱི་འཕེལ་རྒྱས་མདུན་ལམ་ལ་ལྟ་སྟངས་ཡག་པོ་བཟུང་ཡོད་པ་དང་ཀྲུང་གོ་དང་པར་ཙིར་མཉམ་ལས་ལ་ཡིད་ཆེས་ཀྱིས་ཁེངས་ནས་པར་ཙིར་ཕྱོགས་ལ་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་ཐུན་མོང་ཐོག་དར་རྒྱས་ཡོང་བར་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས་པ་རེད། ངས་ཁྱེད་དང་མཉམ་དུ་ཀྲུང་གོ་དང་པར་ཙིར་བར་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྣེ་ཁྲིད་ཡག་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ནི་རྒྱལ་ཁབ་ཆེན་པོ་ཡིན་པས་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཐའ་འཁྱོངས་བྱེད་པ། འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕན་ཚུན་བར་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཕན་ཚུན་བར་ཚོང་རའི་སྒོ་འབྱེད་བྱས་ཏེ་ཞིང་ལས་ཐོན་རྫས་དང་། ལྕགས་རིགས། མ་བཅོས་རྡོ་སྣུམ་སོགས་རྨང་གཞིའི་རང་བཞིན་ལྡན་པའི་ཐོན་རྫས་རྣམས་ཡུན་རིང་དང་བརྟན་བརླིང་། ཐད་ཀར་མཁོ་འདོན་བཅས་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧུར་ཐག་སྒོས་རང་རྒྱལ་གྱི་ཁེ་ལས་རྣམས་པར་ཙིར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་ནས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་གྱིས་གསུངས།

ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་། འདི་ནི་ཞི་ཅིན་ཕིང་གྲོས་མོལ་བྱ་ཡུལ་དུ་ཕེབས་འབྱོར་གནང་བའི་ཚུལ་རེད།

པོ་སུའོ་ན་ལུའོ་ཡིས་སྔོན་ཏག་ཏག་ལ་ང་རང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་ང་ཚོས་པར་ཙིར་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད། ཀྲུང་གོ་ནི་འཛམ་གླིང་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་དང་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན། པར་ཙིར་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་གུས་བཀུར་དང་། བརྩི་འཇོག་བྱེད་བཞིན་ཡོད་པ་མ་ཟད།  མཛའ་མཐུན་ཀྱི་འབྲེལ་བས་པར་ཙིར་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། པར་ཙིར་དང་ཀྲུང་གོ་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེན་པོ་ལྡན་པ་དང་མཉམ་ལས་ཁྱབ་ཁོངས་ཉིན་བཞིན་རྒྱ་སྐྱེད་བཞིན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་རྣམས་པར་ཙིར་རུ་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྕགས་ལམ། སྣུམ་རླངས་སོགས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་བའི་ཚུལ་རེད། 

པོ་སོ་ན་ལུའོ་ཡིས་ཀྲུང་གོས་པར་ཙིར་ལ་ཡིད་ཆེས་དང་མཛའ་བརྩེ་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པར་ཙིར་གྱིས་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་ཆེན་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་དང་སྲོལ་རྒྱུན་གྱི་མཛའ་བརྩེ་གཏིང་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད།

ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་བའི་ཚུལ་རེད། 

 གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱེད་པར་དཔང་པོ་གནང་བ་རེད།

ས་དེའི་དུས་ཚོད་ཟླ11པའི་ཚེས13ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལི་ཡ་ནས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གསར་འགོད་པར་མཇལ་འཕྲད་གནང་བའི་ཚུལ་རེད།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།