ཀྲུང་གོ་བོད་ཀྱི་དྲ་བ།

ཡོན་མིང་ཡོན་གྱི་རྟ་མགོ་ཟངས་སྐུ་ཞལ་འདེབས་འབུལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1573697211476973.jpg

ཟླ11པའི་ཚེས13ཉིན། རིག་གནས་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ལུའོ་ཧྲུའུ་ཀང་(གཡས་)དང་སྐུ་ཞབས་ཧོ་ཧུང་ཡན་གྱི་འཐུས་མི་ཧོ་ཁྲའོ་ཆུང་གིས་ཡོན་མིང་ཡོན་གྱི་རྟ་མགོ་ཟངས་སྐུའི་ཡོལ་བ་ཕྱེས་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན།ཡོན་མིང་ཡོན་གྱི་ལོ་རྟགས་བཅུ་གཉིས་ཀྱི་ཟངས་སྐུའི་གྲས་ཤིག་སྟེ། རྟ་མགོའི་ཟངས་སྐུའི་ཞལ་འདེབས་འབུལ་བའི་མཛད་སྒོ་འཚོགས་པ་རེད། 2007ལོར་རྟ་མགོའི་ཟངས་སྐུ་དངོས་སུ་སྡེབ་འགྲིག་ཁྲོམ་རར་བྱུང་བའི་ཚེ་ཤང་ཀང་དང་ཨའོ་མོན་གྱི་ཁེ་ལས་མཁས་ཅན་དང་། རྒྱལ་གཅེས་བློ་མཐུན་ཧོ་ཧུང་ཡན་གྱིས་མ་དངུལ་བཏང་ནས་ཉོས་པ་མ་ཟད། ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་ལོ་མང་རིང་འགྲེམས་སྟོན་བྱས་པ་རེད། ཟླ་འདིར་སྐུ་ཞབས་ཧོ་ཧུང་ཡན་གྱིས་རྟ་མགོའི་ཟངས་སྐུ་དེ་རྒྱལ་ཁབ་རིག་དངོས་ཅུའུ་ལ་དངོས་སུ་ཞལ་འདེབས་འབུལ་རྒྱུའི་ཐག་བཅད་པ་རེད། བོར་བརླག་སོང་བའི་རིག་དངོས་དེ་དེ་སྔའི་གནས་སུ་འབུལ་བའི་རིག་དངོས་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་དེ་བས་ལེགས་པའི་ངང་ལག་ལེན་བསྟར་ཆེད། རྒྱལ་ཁབ་རིག་དངོས་ཅུའུ་དང་སྐུ་ཞབས་ཧོ་ཧུང་ཡན་གྱིས་གྲོས་མོལ་གཅིག་མཐུན་བྱུང་སྟེ། རྟ་མགོའི་ཟངས་སྐུ་པེ་ཅིང་གྲོང་ཁྱེར་ཡོན་མིང་ཡོན་ལ་སྤྲད་དེ་ཉར་ཚགས་བྱས་པ་དང་། སྔར་གནས་སུ་ཐོབ་ནས་རིག་དངོས་འདིའི་ལོ་ངོ་བརྒྱ་ལྷག་གི་ཕྱིར་སྐྱོད་ལམ་བུ་མཇུག་བསྡུས་པ་རེད།

ཟླ11ཚེས13ཉིན་ཡོན་མིང་ཡོན་གྱི་རྟ་མགོའི་ཟངས་སྐུ་དེ“ཕྱིར་ལོག་གི་ལམ་བུ——ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་རིག་དངོས་བསྐྱར་ཐོབ་གྲུབ་འབྲས་འགྲེམས་སྟོན”ཐོག་འགྲེམས་སྟོན་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།