ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པའི་ཡུལ་དངོས་ཚོགས་འདུ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125223761_15735563155721n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཨན་ཧོས་མ་ཨན་ཧྲན་གྲོང་ཁྱེར་དུ་འགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པའི་ཡུལ་དངོས་ཚོགས་འདུ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱས་པའི་གནས་ཚུལ་ལ་སྤྱི་བསྡོམས་བྱས་པ་དང་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

1125223761_15735563256251n.jpg

ཧན་ཀྲིན་གྱིས་བསྟན་དོན། འབྲི་ཆུའི་དཔལ་འབྱོར་ས་ཁུལ་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་དག་ཐེར་བཅོས་སྒྱུར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ནའང་། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཞིང་ལམ་ཐག་རིང་བ་དང་། ས་ཁུལ་ཁ་ཤས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ངོས་འཛིན་བྱས་པ་མི་འདང་ཞིང་རང་རྟོགས་རང་བཞིན་ཞན་པའི་དབང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མགྱོགས་མྱུར་སྒོས་ཇེ་ཆེར་འགྲོ་ཐུབ་ཀྱིན་མེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་གསལ་བོར་ཤེས་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཚན་རིག་གནད་ཕིགས་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་སྐྱེ་དངོས་སྣ་ཚོགས་རིམ་བཞིན་སླར་གསོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།