ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཀེ་རི་སེའི་ཙུང་ཐུང་ཕ་ཕུའུ་ལུའོ་ཕུའུ་ལུའོ་སིས་མཉམ་དུ་ཡ་ཏེན་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125224191_15735723352181n.jpg

ཡ་ཏེན་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས12ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀེ་རི་སེའི་ཙུང་ཐུང་ཕ་ཕུའུ་ལུའོ་ཕུའུ་ལུའོ་སི་བཟའ་ཟླ་གཉིས་ཀྱི་ཕེབས་རོགས་འོག་ཡ་ཏེན་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བ་རེད།

 ཞི་ཅིན་ཕིང་གིས་གསུངས་རྒྱུར། གནའ་བའི་ཀེ་རི་སེའི་ཨར་སྐྲུན་དང་འཇིམ་བརྐོས་ཀྱི་གྲུབ་འབྲས་ནི་ནུབ་ཕྱོགས་ཤེས་རིག་གི་གཅེས་ནོར་དང་ཕུལ་དུ་བྱུང་བའི་མཚོན་བྱེད་ཡིན། ཀྲུང་གོ་ནི་ཤར་ཕྱོགས་ཀྱི་གནའ་བོའི་ཤེས་ཡོན་གྱི་མཚོན་བྱེད་ཅིག་ཡིན་པ་དང་འདི་ཉིད་སྒྱུ་རྩལ་གྱི་མཚོན་ཚུལ་ཀེ་རི་སེ་དང་མི་འདྲ་ཡང་སྒྱུ་རྩལ་གྱི་གྲུབ་འབྲས་མང་པོ་ཞིག་གིས་མི་རབས་རྗེས་མར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཀྲུང་གོ་དང་ཀེ་རི་སེའི་རྒྱལ་ཁབ་གཉིས་ལ་རིག་གནས་ཤུལ་བཞག་འབོར་ཆེན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རིག་གནས་ཀྱི་ལོ་རྒྱུས་ཤུལ་བཞག་གལ་ཆེན་ལ་ཉམས་གསོ་དང་སྲུང་སྐྱོང་བྱེད་པའི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལོ་རྒྱུས་ཀྱི་དབང་གིས་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་པོའི་རིག་དངོས་རྩ་ཆེན་འབོར་ཆེན་ཞིག་ད་བར་ཕྱི་རྒྱལ་དུ་ཤོར། ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་དེ་དག་སྔ་མོ་ནས་རང་ཉིད་ཀྱི་མེས་རྒྱལ་དུ་ལོག་ཐུབ་པ་བྱ་དགོས་ཞེས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་གི་ལྟ་སྐོར་ལས་ང་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་པས་རང་ཉིད་ལ་གནའ་བའི་ཀེ་རི་སེའི་དཔལ་ཡོན་ལ་རྒྱུས་ལོན་ཟབ་མོ་ལོན་པ་དང་ལོ་རྒྱུས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ལ། ཀྲུང་གོ་དང་ཀེ་རི་སེའི་གནའ་བོའི་ཤེས་ཡོན་ཆེན་པོ་གཉིས་བར་གྱི་འབྲེལ་བ་དང་འདྲ་བའི་ཆ་མང་པོ་ཞིག་ཤེས་རྟོགས་ཐུབ་བྱུང་། སླར་ཡང་སྐུ་ཞབས་ཙུང་ཐུང་དང་དེ་བཞིན་སྲིད་གཞུང་དང་མི་དམངས་ཀྱིས་ང་ལ་བཅངས་པའི་བརྩེ་སེམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀེ་རི་སེར་འཚམས་འདྲི་བྱེད་པར་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ང་ཚོས་མཉམ་དུ་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ་གནའ་དཔེ་དེང་དཔྱད། མ་འོངས་པར་རྒྱང་ལྟ་བཅས་བྱས་ཏེ་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་ཐག་བཅད་པ་ཡིན། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དཔལ་ཡོན་གྱི་སྐད་ཆ་ཤོད་རེས་དར་སྤེལ་བཏང་ནས་དཔལ་ཡོན་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བར་བཟོད་སྒོམ་དཔྱད་གཞིར་འཛིན་པ་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་ཞེས་གསུངས་པ་རེད།

1125224191_15735723607371n.jpg

ཡ་ཏེན་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་སྐོར་གནང་བཞིན་པ།

 ཕ་ཕུའུ་ལུའོ་ཕུའུ་ལུའོ་སིས་གསུངས་རྒྱུར།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེར་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་ཀེ་རི་སེའི་འབྲེལ་བའི་སྒོ་མོ་ཕྱེས་ཡོད། ཉིན་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་གླེང་མོལ་སྤེལ་རེས་ཟབ་ཏུ་ཕྱིན་ནས་སེམས་པ་གཅིག་མཐུན་བྱུང་ཡོད། ཀེ་རི་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་ཤེས་ཡོན་གྱིས་ཁེངས་ཤིང་། གནའ་བོའི་དཔལ་ཡོན་དང་། འོད་སྟོང་འཕྲོ་བ། རླབས་ཆེན་བཅས་ཀྱི་ཤེས་དཔལ་གྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་དམ་པོར་གཅིག་ཏུ་སྦྲེལ་ཡོད། ཁྱེད་ཀྱིས་ཀེ་རི་སེའི་ཤེས་དཔལ་ལ་དགོས་ངེས་ཀྱི་རྒྱུས་ལོན་དང་བརྩི་འཇོག་གནང་ནས་ཀེ་རི་སེ་དེ་ཤར་ནུབ་ཤེས་དཔལ་འབྲེལ་མཐུད་ཀྱི་སྦྲེལ་ཟམ་ལྟ་བུར་བརྩིས་ནས་ངས་ཀེ་རི་སེའི་མི་དམངས་ཀྱི་ཚབ་ཞུས་ཏེ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། 
    ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།