ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125219158_15734842508741n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས9ཉིན་ནས་ཚེས་བཅུ་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཧེ་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་བསྟན་དོན། ཧེ་ནན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རེ་བ་ལྟར། བློ་ཐག་རྦད་ཆོད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། བསམ་ཕྱོགས་གསར་སྐྲུན་དང་སྟོབས་ཤུགས་གཅིག་སྡུད། ཁྱད་ཆོས་འབུར་དུ་ཐོན་པ་དང་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་མཛེས་པའི་ཧེ་ནན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཧན་ཀྲིན་ཆོན་ཀྲུང་ལིས་རིགས་དང་མེའོ་རིགས་རང་སྐྱོང་རྫོང་གི་པེ་ཧྭ་ལིན་ཡུས་ནགས་ཚལ་གྱི་རིག་གནས་གནས་སྐོར་ས་ཁུལ་དུ་ཕེབས་ཏེ་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ལྗོངས་རྒྱུ་ས་ཁུལ་གྱི་འཆར་འགོད་དང་གསར་སྤེལ་བཀོལ་སྤྱོད། སྐྱེ་དངོས་སྲུང་སྐྱོབ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། ཧན་ཀྲིན་གྱིས་གསུངས་རྒྱུར། ཧེ་ནན་ནི་རང་རྒྱལ་གྱི་ཚ་ཁུལ་ཞིང་ཆེན་གཅིག་པུ་ཡིན་པ་དང་དེ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཡོད་པས། གནས་སྐོར་གསར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་གདོད་མའི་རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད་ཧུར་ཐག་སྒོས་གནས་སྐོར་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་ས་གནས་ཀྱི་མང་ཚོགས་ལ་ཐོབ་ཚོར་དྲག་པོ་ཡོད་དུ་འཇུག་དགོས་ཟེར།

1125219158_15734842116241n.jpg

ཧན་ཀྲིན་ད་དུང་སན་ཡའི་དབྱིན་ཀྲིག་མཚོ་ཁུགས་གི་ཚན་རྩལ་མཁར་གྲོང་དུ་ཕེབས་ཏེ་སན་ཡ་གྲོང་ཁྱེར་གྱིས་སྤྱིའི་འཆར་འགོད་དང་དབྱིན་ཀྲིག་མཚོ་ཁུགས་ཀྱི་ཚན་རྩལ་མཁར་གྲོང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད་ས་དེའི་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས། དེ་མིན་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཧེ་ནན་ཞིང་ཆེན་གྱིས་ཚན་རྩལ་གསར་སྐྲུན་གྱི་མཉམ་སྤྱོད་སྟེགས་བུ་གསར་སྐྲུན་བྱས་ཏེ། ཚོང་རའི་ཁྲིད་ཕྱོགས་ནུས་པ་ཇེ་ཆེར་གཏོང་བ་དང་། ཚོང་རའི་གཙོ་གཞི་ཡིས་ཚན་ཞིབ་གྲུབ་འབྲས་ལེགས་སྒྱུར་བྱེད་པའི་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།