ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་བྱ་བའི་འཆར་འགོད་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ཏང་ཡོན་སློབ་གསོ་གསོ་སྦྱོང་བྱ་བའི་འཆར་འགོད་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

འཆར་འགོད་ལས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་སྟེ་ལོ་ལྔའི་རིང་ལ། འཆར་གཞི་ལྡན་ཞིང་རིམ་པ་མང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་ཡོན་རྣམས་ལ་སློབ་གསོ་གསོ་སྦྱོང་བྱེད་པ་དང་། ཏང་ཡོངས་ཚང་མར་གསོ་སྦྱོང་ཐེངས་ཤིག་བྱས་ཏེ་གཤམ་གྱི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཞིང་། ཏང་གི་གསར་སྐྲུན་རིགས་གཞུང་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་གྱིས་རང་རྟོགས་སྒོས་བསམ་ཕྱོགས་གསར་བ་ལག་ལེན་བྱེད་པ་དང་དུས་རབས་གསར་བ་དང་མཐུན་པར་བྱེད་པ། བྱེད་ཐབས་གསར་བ་མངོན་པར་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག བསམ་བློ་གཅིག་གྱུར་དང་སྤྱོད་ཚུལ་གཅིག་གྱུར། ཐབས་ལམ་གཅིག་གྱུར་བྱས་ཏེ་མདུན་ནས་མདུན་དུ་སྐྱོད་དགོས།

སློབ་གསོ་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབ་སྟེ། རྒྱ་ཆེའི་ཏང་ཡོན་རྣམས་ཀྱི་ཕུགས་འདུན་འདུ་ཤེས་དང་ཏང་གཤིས་འདུ་ཤེས་། དམིགས་འབེན་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ནུས་པའི་བྱང་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་སྒྲིག་ལམ་དམ་ཞིང་སྤྱོད་ཚུལ་སྔར་ལས་ཡང་དག་པར་བྱེད་པ། གདོང་ལེན་སྔོན་ཐོན་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།