ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125218942_15734945751611n.jpg

ས་དེའི་ཟླ11པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ཏེན་ནས་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་དང་གྲོས་མོལ་མཛད། 

1125218942_15734944030031n.jpg

ས་དེའི་ཟླ11པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ཏེན་ནས་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་གྱི་སྔོན་ལ་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུ་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ11པའི་ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡ་ཏེན་ནས་ཞི་ལའི་ཙུང་ཐུང་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དཔལ་ཡོན་གྲོས་མོལ་ལ་ཤུགས་བསྣན་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཀྱི་བློ་གྲོས་སྐྱེས་སུ་འབུལ་བར་མཉམ་དུ་ཡིད་འཐད་བྱུང་།

ཞི་ཅིན་ཕིང་གིས་བསྟན་དོན། བདག་གིས་དཔལ་ཡོན་ལ་བརྩི་བཀུར་བྱེད་པ་དང་མ་འོངས་པར་ཡིད་ཆེས་བཅངས་ནས་ཞི་ལ་རྒྱལ་ཁབ་ཏུ་ཡོང་བ་ཡིན། ནམ་རྒྱུན་ཁྱེད་དང་ངེད་གཉིས་བར་གྱི་བརྗེ་རེས་དང་ཀྲུང་གོ་དང་ཞི་ལ་བར་གྱི་བརྗེ་རེས་ཀྱིས་ཕན་ཚུན་བར་ལ་སེམས་ཚོར་ཟབ་མོ་བཞག་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀ་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་ཕྱོགས་གཉིས་བར་ལ་གཅིག་མཐུན་འདྲ་མཚུངས་ཀྱི་འདུ་ཤེས་ཡོད་པར་མ་ཟད། ཚང་མས་དཀའ་སྤྱད་འབད་འཐབ་ཀྱི་བརྩོན་སེམས་ལ་བརྟེན་ནས་རྒྱལ་ཁབ་དེང་རབས་ཅན་གྱི་འཕེལ་རྒྱས་གཞི་ནས་མངོན་འགྱུར་བྱུང་བ་རེད། ཕན་ཚུན་ལ་དཔེ་ལྟ་བྱེད་རྒྱུ་ནི་དཔལ་ཡོན་འཕེལ་རྒྱས་ཀྱི་རྩ་བའི་རེ་བ་ཡིན་ལ། ཀྲུང་གོ་དང་ཞི་ལའི་བར་གྱི་མཛའ་མཐུན་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མ་ཟད་དཔལ་ཡོན་ཆེན་པོ་གཉིས་ཀྱི་གྲོས་མོལ་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་སྐབས་འདིར་བདག་གིས་རྒྱལ་ཁབ་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་དུས་རབས་གསར་བའི་ནང་དུ་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་ཐུབ་པར་རེ་བ་བྱེད་བཞིན་ཡོད། གཅིག་ནས་མཛའ་མཐུན་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་བསྐྲུན་དགོས། གཉིས་ནས་སྒོ་འབྱེད་དངོས་གཉེར་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་བསྐྲུན་དགོས། གསུམ་ནས་རིག་གནས་བརྗེ་རེས་དང་དཔལ་ཡོན་དཔེ་ལྟ་བྱེད་པའི་དཔེ་མཚོན་བསྐྲུན་དགོས། བཞི་ནས་མཐུན་སྦྱོར་གཞོགས་འདེག་ལ་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་དཔེ་མཚོན་བསྐྲུན་དགོས་ཟེར།

ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་ཡིས་བསྟན་དོན།  ཞི་ལ་མི་དམངས་དང་ཀྲུང་གོའི་བར་དུ་རང་བྱུང་ཉེ་འབྲེལ་གྱི་ཚོར་བ་ཟབ་མོ་ཡོད་པ་དང་དེ་ནི་རྒྱལ་ཁབ་གཉིས་ཀ་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་པས་རེད། ཞི་ལ་ཕྱོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པར་མ་ཟད་དགའ་སྤྲོ་སྐྱེ་བཞིན་ཡོད། ཞི་ལ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡོ་རོབ་གླིང་དབུས་ཤར་དང་ཀྲུང་གོའི་མཉམ་ལས་ལ་ཡར་སྐུལ་བཏང་ནས། རྒྱལ་སྤྱིའི་དྲང་བཞག་དྲང་བདེན་་དང་མིའི་རིགས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

གྲོས་མོལ་གྱི་སྔོན་ལ་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་ཡིས་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་གཉིས་གནམ་གྲུ་ཐང་དུ་ཐོན་མ་ཐག་ཕ་ཧྥུའུ་ལའོ་ཕུའུ་ལའོ་སི་དང་ལྕམ་མོ་ཧྥོ་ལ་ཞི་ཡ་གཉིས་ཀྱིས་ལྷག་བསམ་འཁོལ་བའི་ངང་ནས་བསུ་མ་ཞུས།

ཏེན་ཞོའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་སོགས་གོང་གསལ་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།