བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་བཙུགས་ཏེ་ལོ11འཁོར་བའི་འགྱུར་ལྡོག་ལ་ལྟ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོ་ནི་བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་བཙུགས་ནས་ལོ11འཁོར་བ་དང་། “མི་ཧྲེང་དུས་ཆེན”གྱི་མིང་ཚབ་ནས་རིམ་བཞིན་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ཚོང་པ་དང་དྲ་ཐོག་ཚོང་པ་ཧུར་ཐག་ཞུགས་པའི་འཛད་སྤྱོད་པའི་དགའ་རོལ་དུས་ཆེན་ལ་འགྱུར་ལྡོག་བྱུང་བའི་བར་བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་འཕེལ་རྒྱས་མྱུར་པོ་བྱུང་བ་ལས། ཀྲུང་གོའི་འཛད་སྤྱོད་པའི་ཁྲོམ་ར་དང་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་དང་གསོན་ཤུགས་མངོན་ཡོད།

གྲངས་ཀའི་འགྱུར་ལྡོག ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར0.5ནས་ན་ནིང་གི་སྒོར་དུང་ཕྱུར2135བར་འཕར་བ།

2009ལོའི་བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་གྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་5200ཟིན་པ་དང་སྤུས་རྟགས་27བྱེད་སྒོར་ཞུགས་ཡོད།

2018ལོའི་ལྷ་ཞིམ་གྱི་བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་གྱི་མཐའ་མའི་ཚོང་སྒྲིག་ཚད་དངུལ་འབོར་སྒོར་དུང་ཕྱུར་2135ཟིན་པ་དང་། ཟོག་འགྲེམས་མངགས་ཐོ་སྒོར་དུང་ཕྱུར་10ལས་བརྒལ་བ། སྤུས་རྟགས་ཁྲི་18ཞུགས་པ། སྤུས་རྟགས་200ལྷག་ཙམ་གྱི་ཚོང་སྒྲིག་ཚད་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ་རེད།

2019ལོའི་བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་འཆར་སྐབས། དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ལྷ་ཞིམ་གྱིས་གོ་ལ་ཧྲིལ་པོའི་སྤུས་རྟགས་ཁྲི་20ལྷག་ཙམ་དང་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་གྱི་ནང་འདྲེན་སྤུས་རྟགས་22000ཞུགས་ཡོད་ཅེས་ཡོངས་བསྒྲགས་བྱས་པ་རེད།

ཁྲོམ་རའི་འགྱུར་ལྡོག “རྒྱལ་ཡོངས་ནས་ཉོ་བ”ནས“གོ་ལ་ཧྲིལ་པོ་ནས་ཉོ་བའི”བར།

ཐོག་མའི“ཉོ་ཐུབ་པ”ནས“ཡག་པོ་ཉོ་བ”དང“ཉོ་གིན་ཚོད་ལྟ་བྱེད་པའི”བར་ནས་ད་ཆའི“རྒྱལ་མཚམས་སྒྲོལ་བའི་ཟོག་ཉོ”དང“རིག་ནུས་ཅན་གྱི་ཉམས་ལེན་རྣམ་པའི་ཟོག་ཉོའི”བར་དྲ་ཐོག་ཟོག་ཉོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དེའང་ཀྲུང་གོའི་འཛད་སྤྱོད་རིམ་པ་འཕར་བའི་བསྡུས་རིས་ཤིག་རེད།

དཔེ་རྣམ་གྱི་འགྱུར་ལྡོག དྲ་ཐོག་དང་དྲ་ཕྱིའི་བར་གྱི“འགལ་ཟླ”ནས“མཐུན་སྦྱོར”བྱེད་པའི་བར།

2015ལོའི་སྔ་རྗེས་སུ། དངོས་ཚན་ཚོང་ཁང་ཁ་ཤས་སྒོ་བརྒྱབ་པ་དང་དྲ་ཐོག་ཚོང་དོན་གྱི“འགལ་ཟླའི”འུར་ཟིང་ཆེན་པོ་ལངས་ཤིང་། ལོ་མང་མཉམ་ལས་དང་འཕེལ་རྒྱས་བཏང་བ་བརྒྱུད། ད་ཆ་དྲ་ཐོག་དང་དྲ་ཕྱིའི་བར་མཉམ་འདྲེས་གཏིང་ཟབ་བྱས་ཏེ“ཁྱིམ་ཚང་གཅིག”ལྟ་བུར་གྱུར་ཡོད།

ལས་ཕྱོད་ཀྱི་འགྱུར་ལྡོག མྱུར་སྐྱེལ“གཟའ་འཁོར་རྗེས་མར་འབྱོར་བ”ནས“ཉིན་དེ་རང་དུ་འབྱོར་བའི”བར།

ལོ་མང་གོང་། བཅུ་གཅིག་ཟུང་གི་ཟོག་ཉོའི་དུས་ཆེན་རིང་འཁང་ར་མང་ཤོས་ནི“ངའི་ཅ་དངོས་ད་དུང་འབྱོར་མ་བྱུང”ཞེས་པ་དེ་ཡིན་ཞིང་། ད་ཆ་སྐད་ཆ་འདི་རིགས་ཤོད་མཁན་ཇེ་ཉུང་དུ་ཕྱིན་པ་དང་མྱུར་སྐྱེལ་གྱི་མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་སོང་བ་ལས། མྱུར་སྐྱེལ་ལས་སྒོའི་རིག་ལྡན་ཕྱོགས་སྒྱུར་གྱི་ནུས་པ་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།