ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞི་རིམ་འཛུགས་སྐྲུན་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125214636_15733829813981n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས8ཉིན་ནས་ཚེས10ཉིན་བར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞི་རིམ་འཛུགས་སྐྲུན་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། དུས་རབས་གསར་བའི་རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་སྤེལ་བྱེད་པའི་གཞི་རྩ་ཡིན། དམག་དཔུང་ཡོངས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་བྱེད་པ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ། རྒྱུན་འཁྱོངས་བཞི་དང་དམ་དུ་སྦྲེལ་བའི་རེ་བ་དངོས་འབེབས་བྱས་ཏེ། སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། བཅོས་སྒྱུར་གསར་སྐྲུན་ལ་ཤུགས་སྣོན་ཞིང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། འཐབ་འཁྲུག་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། སྒྲིག་ཁྲིམས་ནན་མོ་དང་དར་སྲོལ་བཟང་བའི་གཞི་རིམ་གྱི་དམག་དཔུང་འཛུགས་སྐྲུན་ཁྱོན་ཡོངས་གསར་སྐྲུན་བྱས་ནས། དམག་དོན་སྟོབས་ལྡན་ལས་དོན་གོང་འཕེལ་དུ་འགྲོ་བར་རྨང་གཞི་བརྟན་པོ་དང་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་ཐོག་མར་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་དེང་སྐབས་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱིས་ཆེད་དུ་ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་སྒོས་དུས་རབས་གསར་བའི་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱེད་པའི་ནང་དོན་སྐོར་ཞིག་ལ་བཀོད་སྒྲིག་བྱས་པ་དང་། དེའི་ནང་གི་ལས་འགན་གང་མང་ཞིག་དངོས་འབེབས་བྱེད་རྒྱུ་དེ་གཞི་རིམ་འཛུགས་སྐྲུན་ཕྱོགས་ནས་བཟུང་དམ་འཛིན་བྱེད་རྒྱུ་ཐག་བཅད། དམག་དཔུང་ཡོངས་ཀྱིས་རང་རེའི་དམག་དཔུང་གི་དོན་དངོས་དང་སྦྲེལ་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་དེ་ལག་བསྟར་ནན་མོ་བྱེད་དགོས་ཟེར།

1125214636_15733829814921n.jpg

ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་། ཞི་ཅིན་ཕིང་ཅིན་ཞི་མགྲོན་ཁང་དུ་ཕེབས་ཏེ་ཚོགས་འདུར་ཞུགས་པའི་འཐུས་མི་ལ་ཐུག་འཕྲད་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཞི་ཅིན་ཕིང་གིས་བསྟན་དོན། གཞི་རིམ་ནི་དམག་དཔུང་ཡོངས་ཀྱི་བྱ་བ་དང་འཐབ་འཛིང་ནུས་པའི་རྨང་གཞི་ཡིན། ང་ཚོ་ཏང་གིས་དམག་འཛུགས་དམག་སྐྱོང་གི་ཡུན་རིང་ལག་ལེན་ཁྲོད་དུ་ནམ་ཡང་གཞི་རིམ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པ་དང་། རང་རེའི་དམག་དཔུང་ཆུང་བ་ནས་ཆེ་བ་དང་ཞན་པ་དང་སྟོབས་ལྡན་དུ་འགྱུར་བ། རྒྱལ་ཁ་ནས་རྒྱལ་ཁར་སྐྱོད་པར་རྒྱ་ཆེའི་གཞི་རིམ་དཔོན་དམག་གིས་བྱས་རྗེས་གལ་ཆེན་བཞག གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་གཞི་རིམ་ལ་བརྟེན་པ་དང་སྟོབས་ལྡན་གཞི་རིམ་འཛུགས་སྐྲུན་བྱེད་རྒྱུ་དེ་ནམ་ཡང་འདོར་མི་སྲིད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་འདིར་འགར་དམག་དཔུང་སྟོབས་ལྡན་དང་དར་སྤེལ་བྱེད་པའི་གོམས་སྟབས་ཧ་ཅང་མགྱོགས་པ་དང་། རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་གྱི་འགན་འཁྲི་དང་ལས་འགན་གྱི་རེ་བ་དང་འཛུགས་སྐྲུན་གྱི་ནང་དོན། རྒྱུན་ལྡན་གྱི་འཁོར་སྐྱོད་རྣམ་པ། དམག་དཔུང་རྩ་འཛུགས་ཀྱི་རྣམ་པ། དཔོན་དམག་གི་གྲུབ་ཚུལ་སྒྲིག་གཞི། ཕྱི་ཕྱོགས་སྤྱི་ཚོགས་ཁོར་ཡུག་སོགས་ཕྱོགས་སུ་གནས་ཚུལ་གསར་བ་དང་འགྱུར་ལྡོག་གསར་བ་གནས་ཡོད། ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ་དང་གནས་བབ་དང་མཐུན་པར་བྱེད་དགོས་ལ། འབུར་དུ་ཐོན་པའི་འགལ་བ་དང་གནད་དོན་ནན་ཏན་སྒོས་ཐག་བཅད་ནས་གཞི་རིམ་འཛུགས་སྐྲུན་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་གཞི་རིམ་སྟོབས་ལྡན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། དུས་རབས་གསར་བའི་རང་རེའི་དམག་དཔུང་གི་གཞི་རིམ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ལ་རེ་བ་བཏོན། ‘

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།