ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན2.4%འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མུ་མཐུད་འཕེལ་བའི་རྣམ་པ་མངོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་25.63ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས2.4%འཕར་བ་དང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི13.99ཟིན་ནས4.9%འཕར་བ། ནང་འདྲེན་སྒོར་དུང་ཕྱུར་ཁྲི11.64ཟིན་ནས0.4%ཆག་པ། ཚོང་དོན་དྲང་ཁྱད་སྒོར་དུང་ཕྱུར་ཁྲི2.35ཟིན་ནས42.3%ཆེ་རུ་ཕྱིན་ཡོད་པ་རེད།

ཟླ་10པར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི2.71ཟིན་ནས0.5%ཆག་ཡོད། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི1.51ཟིན་ནས2.1%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི1.2ཟིན་ནས3.5%ཆག་པ། ཚོང་དོན་དྲང་ཁྱད་སྒོར་དུང་ཕྱུར་3012.8ཟིན་ནས་33%ཆེ་རུ་ཕྱིན་ཡོད།

འགག་སྒོ་སྤྱི་ཁྱབ་ཧྲུའུ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལི་ཁུའེ་ཝུན་གྱིས། འདི་ལོ་ནས་བཟུང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འཕར་ཚད་དལ་དུ་ཕྱིན་རུང་། རང་རྒྱལ་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཡོད་ཅིང་། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ཡོད། ཟླ་བ་གཅིག་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཟླ4བསྟུད་མར་སྒོར་དུང་ཕྱུར་ཁྲི2.7ཡན་གྱི་མཐོ་ས་རྒྱུན་འཁྱོངས་ཐུབ་ཡོད། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མུ་མཐུད་འཕེལ་བའི་རྣམ་པ་མངོན་ཡོད་ཅེས་བརྗོད།

ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཚོང་དོན་འཕར་བ་མ་ཟད་བསྡུར་ཚད་ཀྱང་མཐོ་རུ་ཕྱིན་ཡོད། སྤྱིར་བཏང་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི15.19ཟིན་ནས4.8%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི59.3%བཟུང་ཡོད། ཡོ་རབ་མནའ་འབྲེལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཁྲོམ་ར་གཙོ་བོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་ནས“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱི་ཡོངས་ལས་མཐོ་བ་ཡོད། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་སྒོར་དུང་ཕྱུར་ཁྲི7.47ཟིན་ནས9.4%འཕར་བ་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས7མཐོ་རུ་ཕྱིན་ཏེ་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱི་རིན་ཐང་གི29.1%བཟུང་ཡོད།

ཟླ་དང་པོ་ནས་བཅུ་པའི་བར་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་མགྱོགས་ཤིང་བསྡུར་ཚད་བཟུང་ཚད་མཐོ་རུ་ཕྱིན་ཡོད། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི10.87ཟིན་ནས10.3%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི42.4%བཟུང་བས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་དང་པོར་གྱུར་ཡོད། ཟླ་དང་པོ་ནས་བཅུ་པའི་བར་གློག་འཕྲུལ་ཐོན་རྫས་དང་། ངལ་རྩོལ་འདུས་ཚད་ཆེ་གྲས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཚང་མ་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། མ་བཅོས་རྡོ་སྣུམ་དང་། རྡོ་སོལ། རང་བྱུང་སོལ་རླངས་སོགས་ཚོང་ཟོག་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ཡོད་པ་དང་། ལྕགས་རྡོ་དང་སྲན་མ་སོགས་ནང་འདྲེན་བྱེད་ཚད་ཉུང་དུ་ཕྱིན་ནས་སྤོམ་ཆེའི་ཚོང་ཟོག་ནང་འདྲེན་གྱི་ཆ་སྙོམས་གོང་ཚད་འཕར་ཆག་འདྲ་པོ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།