ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཁའ་དམག་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་བྱ་འགུལ་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་དམག་དཔུང་ཡོངས་ལ་ཤན་ཤུགས་དྲག་པོ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་དམངས་མཁའ་དམག་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་སྐབས་ཏེ། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཁའ་དམག་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་བྱ་འགུལ་ལ་ཞུགས་པ་དང་། ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱིས་དམག་དཔུང་ཡོངས་ལ་ཤན་ཤུགས་དྲག་པོ་ཐེབས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དར་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགྲེངས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་མཁའ་དམག་མྱུར་དུ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པར་ལན་བཏབ་སྟེ། མི་དམངས་མཁའ་དམག་དེ་ཕྱོགས་ཡོངས་ནས་འཛམ་གླིང་གི་མཁའ་དམག་རྩེ་གྲས་སུ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན་ཡོད།

དམག་དཔུང་སོ་སོས་རྩ་འཛུགས་བྱས་ཏེ་དགའ་སྟོན་བྱ་འགུལ་གྱི་གནས་ཚུལ་ལ་བལྟས་པ་དང་ཉན་པ་བརྒྱུད། དཔོན་དམག་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་བཅངས་པའི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོར་ཚོར། ཁོ་ཚོས་དུས་རབས་གསར་པའི་ཏང་གི་དམག་དར་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་ཟབ་མོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། གཟི་བརྗིད་སྲོལ་བཟང་དར་སྤེལ། གསར་གཏོད་མདུན་སྐྱོད་བྱེད་ཕོད་པ་བཅས་བྱས་ཏེ། དམག་དར་བགྲོད་ལམ་སྟེང་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་ལང་ལོང་སྒོས་བསྟན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།