ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གིས་ཁ་ཡིག་ལ་དུས་རབས་གསར་པའི་དམག་དར་ལས་དོན་ལ་རྨང་གཞི་བརྟན་པོར་བཏིངས་པ་སྟེ་དམག་དཔུང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་མཛུབ་སྟོན་འོག་ཏུ་གཞི་རིམ་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཕྱོགས་བསྡུས་གནས་ཚུལ་ཞེས་པའི་རྩོམ་ཡིག་རིང་པོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ཁ་ཡིག་ལ་དུས་རབས་གསར་པའི་དམག་དར་ལས་དོན་ལ་རྨང་གཞི་བརྟན་པོ་བཏིངས་པ་སྟེ་དམག་དཔུང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་མཛུབ་སྟོན་འོག་ཏུ་གཞི་རིམ་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཕྱོགས་བསྡུས་གནས་ཚུལ་ཞེས་པའི་རྩོམ་ཡིག་རིང་པོ་སྤེལ།

རྩོམ་ཡིག་ནང་དུ། དམག་དར་དམིགས་འབེན་མངོན་འགྱུར་བྱེད་ན། རྨང་གཞི་གཞི་རིམ་དུ་ཡོད་པ་དང་གསོན་ཤུགས་ཀྱང་གཞི་རིམ་དུ་ཡོད། དམག་དཔུང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་དམག་དར་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་རྨང་གཞི་དང་རྩ་བ་ཇེ་བརྟན་དུ་བཏང་ཡོད་པ་དང་། ལངས་ཕྱོགས་ཀྱི་ཁྲིད་སྟོན་ཇེ་དྲག་ཏུ་བཏང་སྟེ། ལངས་ཕྱོགས་དང་ནུས་པ། སྤྱོད་བཟང་བཅས་ལྡན་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་སྐྱེད་སྲིང་བྱས་ནས། དད་མོས་དང་ཡིད་རྟོན། སྒྲིག་ཁྲིམས། ཁག་ཁུར་བཅས་ལྕགས་རི་བཞིན་བརྟན་པའི་དམག་དཔུང་ཞིག་སྐྱེད་སྲིང་བྱས་ཡོད། ཀྲི་པུའུ་བརྒྱ་ཤོག་གི་རྨང་གཞིའི་སྟེང་བཙུགས་ནས་འཐབ་འཛིང་གི་བཙན་རྫོང་བརྟན་པོ་བཙུགས་ཡོད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དང་དམག་འཁྲུག་ལ་གྲ་སྒྲིག་བྱས་ཏེ། དམག་འཁྲུག་ལས་རྣམ་པར་རྒྱལ་བའི་དམག་དཔུང་སྐྱེད་སྲིང་བྱས་ཡོད་ལ། ནང་གནས་སྒུལ་ཤུགས་ཆེ་རུ་བསྐྱེད་ནས་ཡར་བརྩོན་ལྷོད་མེད་ཀྱི་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ཞིང་། ཁྲིམས་སྐྱོང་ལག་བསྟར་ནན་མོ་བྱས་ཏེ་སྒྲིག་ཁྲིམས་ནན་མོར་བརྩི་བའི་དམག་དཔུང་འཛུགས་སྐྲུན་བྱས་ཡོད། གཞི་རིམ་གྱི་དམག་དཔུང་ཡོངས་ལ་ཕྱོགས་ཡོངས་ནས་འགྱུར་ལྡོག་ཟབ་མོ་བྱུང་སྟེ། ཏང་གི་བཀོད་འདོམས་ལ་ཉན་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ཡོད་པ་དང་། དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་གི་ཁ་ཕྱོགས་སྔར་ལས་ཇེ་གསལ་དུ་སོང་ཡོད་ལ། སྤྱོད་གཙང་འཆམ་མཐུན་གྱི་གོམས་སྲོལ་སྔར་ལས་ཇེ་བཟང་དུ་སོང་ཡོད། རྒྱ་ཆེའི་གཞི་རིམ་གྱི་དཔོན་དམག་རྣམས་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ཤིང་ཡར་བརྩོན་ལྷོད་བྱས་ཏེ་དུས་རབས་གསར་པའི་དམག་དར་ལས་དོན་ཐད་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་བཀོད་ཡོད།

རྩོམ་ཡིག་ནང་དུ། གཞི་རིམ་དར་རྒྱས་བྱུང་ན་དམག་དཔུང་ལ་སྐྱེ་སྟོབས་རྒྱས་སྲིད་པ་དང་། གཞི་རིམ་བརྟན་བརླིང་བྱུང་ན་དམག་དཔུང་བརྟན་བརླིང་འབྱུང་ངེས་པས། གནས་བབ་གསར་པའི་ལས་འགན་འོག་ཏུ། སེམས་ལྷོད་ལ་བབས་ནས་གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། སྔར་ལས་མཐོ་བའི་མགོ་རྩོམ་ས་གསར་པའི་སྟེང་གཞི་རིམ་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་ནས། ཏང་གི་དུས་རབས་གསར་པའི་དམག་དར་དམིགས་འབེན་དང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲས་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་ཧུར་ཐག་གིས་མདུན་སྐྱོད་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།