ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་སེབ་རུ་སིའི་གྲོས་དཔོན་ཞི་ལུའུ་ལིས་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེབ་རུ་སིའི་གྲོས་དཔོན་ཞི་ལུའུ་ལིས་སི་ལ་མཇལ་འཕྲད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཀྲུང་གོ་དང་སེབ་རུ་སི་ནི་གྲོགས་པོ་བཟང་བོ་ཡིན། ད་ལོའི་ཟླ་བཞི་བར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ན་སི་ཐ་ཞ་ཅི་སི་རྣམ་གཉིས་ཀྱིས་པེ་ཅིན་ནས་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཀྲུང་གོ་ཕྱོགས་ཀྱིས་སེབ་རུ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། སྲིད་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་ཞིང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ་དང་དམངས་དོན་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་སེབ་རུ་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་སེབ་རུ་སིའི་སྤྱི་ཚོགས་དང་ལས་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

ཞི་ལུའུ་ལིས་སི་ཡིས་བཤད་རྒྱུར། སེབ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་ལ་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།