ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མཁའ་སྐྱོད་ཀུང་ཟི་དང་ཀྲུང་དབྱང་མཁའ་སྐྱོད་ཀུང་ཟི་གཉིས་ཀྱིས་འོས་ལངས་བྱས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཀྲུང་གོ་མཁའ་སྐྱོད་ཀུང་ཟི་དང་ཀྲུང་དབྱང་མཁའ་སྐྱོད་ཀུང་ཟི་གཉིས་ཀྱིས་འོས་ལངས་བྱས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་མི་དམངས་ཚོགས་ཁང་མོའི་ནང་ཚོགས། ཚོགས་འདུའི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་ཞུགས་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག

ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་མཁའ་སྐྱོད་གཉིས་ཀྱི་འོས་ལངས་བྱེད་མཁན་དང་དེའི་ཁྱིམ་མི་ལ་བླ་མེད་གུས་འདུད་ཞུས་པ་དང་བརྩེ་བའི་འཚམས་འདྲི་ཞུས། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། དུས་རབས་གསར་བར་འབད་འཐབ་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་མ་ཟད། མཚོ་འགག་འགྲམ་གཉིས་བར་གྱི་བརྩེ་སེམས་དང་དུངས་བ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་རྦད་ཆོད་སྒོས་མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་དགོས་ཟེར།

མཁའ་སྐྱོད་གཉིས་ཀྱི་འོས་ལངས་མི་སྣའི་འཐུས་མི། དམངས་སྐྱོད་མཁའ་འགྲུལ་ཅུའུ་ཡི་སྔོན་ཆད་ཀྱི་ཅུའུ་ཀྲང་ཧུའུ་ཡེ་ཀྲིག་དང་སྔོན་ཆད་ཀྱི་ཙུང་ལི་ཀྲིག་ཨུན་ལེའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ། མཁའ་སྐྱོད་གཉིས་ཀྱི་འོས་ལངས་ཇུས་འགོད་མཁན་ལོ་ཆིན་ཁྲང་གི་བུ་ལོ་ཡོན། མཁའ་སྐྱོད་གཉིས་ཀྱི་འོས་ལངས་མི་སྣའི་འཐུས་མི་ལུའུ་ཅ་དབྱི་དང་ཀྲང་པའོ་ཕེན་བཅས་ཀྱིས་གཏམ་བཤད་དེ། སྐབས་དེའི་མི་སེམས་འགུལ་བའི་ལོ་རྒྱུས་རྣམ་པ་ལྷུག་པར་བརྗོད་པ་དང་། ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་བློ་སེམས་དཀར་བ་དང་དམངས་སྤྱོད་མཁའ་འགྲུལ་ལས་དོན་ལ་བརྩེ་སེམས་བཅངས་པ་མཚོན་པར་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཧི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་དང་སུའུ་ཧོས་སོགས་བཞུགས་མོལ་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།