ལིས་ཀྲན་ཧྲུའུ་ཡིས་ཅེ་ཁིའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལ་ཆེ་ཁི་ལ་མཇལ་འཕྲད་གནང་།

1125203770_15731108624621n.jpg

ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅེ་ཁིའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལ་ཆེ་ཁི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅེ་ཁིའི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལ་ཆེ་ཁི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཅེ་ཁི་གཉིས་ནི་སྲོལ་རྒྱུན་མཛའ་མཐུན་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་འཐབ་ཇུས་མཛུབ་སྟོན་འོག་ཏུ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་གྲུབ་འབྲས་ཕུན་སུམ་ཇེ་ཚོགས་སུ་བཏང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་སྐྱེད་རྒྱུ་ཡིན་པ་དང་། འདིས་མ་འོངས་པ་ན་ཀྲུང་གོ་དང་ཅེ་ཁིའི་མཉམ་ལས་ལ་སྔར་ལས་ལྷག་པའི་གོ་སྐབས་གསར་བ་བསྐྲུན་ཐུབ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་སུ་གཏོང་བ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཅེ་ཁི་གྲོས་ཞུགས་ཁང་དང་མཉམ་དུ་བརྗེ་རེས་གྲོས་མོལ་ལ་ཤུགས་སྣོན་བྱེད་འདོད་ཡོད་ཅེས་བསྟན།

ཧྥིན་ཏི་ལ་ཆེ་ཁི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་སུ་བཅུག་པ་དང་། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་སྒོ་འབྱེད་རྒྱ་སྐྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཚོང་ར་རྒྱ་སྐྱེད་འདོད་ཡོད་པར་མ་ཟད། ཀྲུང་གོ་གཅིག་གི་རྩ་དོན་ནམ་ཡང་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར།

པདྨ་འཕྲིན་ལས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།