ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་ཅེ་ཁེ་གྲོས་ཁང་འོག་མའི་ཀྲུའུ་ཞི་ཧྥིན་ཏི་ལ་ཆེ་ཁེ་ལ་མཇལ་འཕྲད་གནང་བ།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125203770_15731108624621n.jpg

ཟླ11ཚེས7ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཅེ་ཁེ་གྲོས་ཁང་འོག་མའི་ཀྲུའུ་ཞི་ཧྥིན་ཏི་ལ་ཆེ་ཁེ་དང་མཇལ་འཕྲད་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏིན་ཧའེ་ཐའོ་ཡིས་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གལ་ཆེན་གནང་སྐབས་ཀྲུང་གོ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུའི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་ཞེས་ནན་བཤད་བྱས་པ་དེས་ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་བསྐྲུན་པ་མ་ཟད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་བར་ལ་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཅེ་ཁེ་གྲོས་ཁང་དང་བརྗེ་རེས་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན།

ཧྥིན་ཏི་ལ་ཆེ་ཁེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་གནང་བའི་གཏམ་བཤད་ཡིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་རེད། དེ་བས་ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་གཏོང་བའི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ནས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྲོམ་ར་གསར་འབྱེད་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད། དེར་མ་ཟད་ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཚུལ་བསྟན། 

    པད་མ་འཕྲིན་ལས་མཇལ་འཛོམས་ནང་ཞུགས་པ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།