ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀེ་རི་སེ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པ་ཞི་རུ་འཚོགས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་དོན། ཀེ་རི་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕ་ཧྥུ་ལུའོ་ཕུའུ་ལོ་སི་དང་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་སོ་ན་ལུའོ་ཡིས་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11ཚེས10ནས15ཉིན་བར་ཀེ་རི་སེར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པ་ཞི་རུ་བསྐྱོད་དེ་པ་ཞི་ལི་ཡ་རུ་འཚོགས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་རྒྱུ་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།) 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།