ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125201321_15730513242151n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གླལོག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པ་དང་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཙོ་བོ་ཡང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་བརྗེ་རེས་གཏིང་ཟབ་བྱས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེང་སྐབས་ཀྱི་གནས་བབ་འོག་ཀྲུང་གོ་དང་ཧྥ་རན་སིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དེ་ཕྱོགས་གཉིས་དང་ཀྲུང་གོ་དང་ཡོ་རོབ་གླིང་ལ་ཕན་པ་ཡོད་པར་མ་ཟད་འཛམ་གླིང་ལ་ཕན་པ་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ས་བབ་མཚོན་བྱེད་གྲོས་མཐུན་གྲོས་མོལ་ཡོངས་འགྲུབ་བྱས་པ་དང་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་གྲོས་མཐུན་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཉིང་རྡུལ་ནུས་པ་དང་མཁའ་སྐྱོད། ཕྱོགས་གསུམ་པའི་ཚོང་ར་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཚོང་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་ལྟར་སྔར་ལས་སྤུས་ཚད་མཐོ་བའི་ལས་གཞི་སྔ་མོ་ནས་དངོས་འབེབས་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར། དེང་སྐབས་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།