ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོའི་ཙུང་ལི་པ་ཡུས་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོའི་ཙུང་ལི་པ་ཡུས་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་མཉམ་ལས་ཐད་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཞིང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀ་མཉམ་སྦྲེལ་མཉམ་མཐུད་མཉམ་ལས་ལ་ཤུགས་བསྣན་ཏེ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་མཚོ་ཁུགས་ཆེན་མོའི་ས་ཁུལ་འཛུགས་སྐྲུན་བྱེད་པ་དེ་ཐེ་གོའི་ཤར་རྒྱུད་དཔལ་འབྱོར་བར་ཁྱམས་དང་འབྲེལ་མཐུད་དམ་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཐེ་གོའི་ལྕགས་ལམ་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བར་མ་ཟད་དཔལ་འབྱོར་ཉོ་ཚོང་དང་གློག་རྡུལ་ཚོང་དོན། རིག་སྟོབས་གྲོང་ཁྱེར། ཁྲིམས་སྐྱོང་བདེ་འཇགས་སོགས་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འཐད་པ་བྱུང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ང་ཚོས་འབྲེལ་ཡོད་ཁུལ་ཁོངས་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔ་མོ་ནས་རྒྱ་མཚོ་ལྷོ་མའི་འགུལ་སྐྱོད་ཚད་གཞི་གཏན་འཁེལ་བྱེད་པར་བྱས་རྗེས་གལ་ཆེན་བཞག་ནས། རྒྱ་མཚོ་ལྷོ་མའི་ཡུན་རིང་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།