ལིས་ཁི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཐེ་གོ་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་ནས་ཕྱིར་པེ་ཅིན་ལ་ཐོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་པར་མ་ཟད་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་པར་མ་ཟད་ཐེ་གོ་ལ་དངོས་གཞིའི་འཚམས་འདྲི་མཛད་ཚར་རྗེས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་པེ་ཅིན་ལ་ཐོན། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཞོ་ཅེ་སོགས་ཙུང་ལི་ལིས་ཁི་ཆང་དང་ལྷན་དུ་པེ་ཅིན་ལ་ཐོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།