ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཞོར་དུ་གྲོས་ཁང་ཞོལ་མའི་གྲོས་དཔོན་གྱི་འགན་འཁུར་མཁན་ཁྲོན་ལིས་ཕལ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ནས་ཐེ་གོའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཞོར་དུ་གྲོས་ཁང་ཞོལ་མའི་གྲོས་དཔོན་གྱི་འགན་འཁུར་མཁན་ཁྲོན་ལིས་ཕལ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་དེང་སྐབས་ཀྱི་ཀྲུང་གོ་དང་ཐེ་གོའི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། ཐེ་གོའི་རྒྱལ་ཚོགས་ཀྱིས་དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱས། ཁོང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ཁྲིམས་འཛུགས་སྒྲིག་གཞི་དང་བཅས་པའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པར་མ་ཟད། ཐེ་གོ་ཕྱོགས་དང་མཉམ་དུ་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བ་དང་ཁུལ་ཁོངས་གཞི་གཅིག་ཅན་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁྲོན་ལིས་ཕལ་གྱིས་བཤད་རྒྱུར། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞི་དང་དམངས་ཁྲོད། ན་གཞོན་བར་གྱི་འགྲོ་འོང་དང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།