ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1125200574_15730417737161n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་དཔལ་འབྱོར་མཐོ་རིམ་གྲོས་ཚོགས་གྲོལ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་རྒྱལ་ཁབ་གཞན་པ་དང་དེའི་མི་དམངས་ལ་ཕན་སྔར་ལས་མང་པོ་འདོགས་པ་ཡིན། ཧྥ་རན་སི་དང་ཡོ་རོབ་གླིང་གི་བཟོ་ཚོང་ལས་རིགས་ལ་མཚོན་ན། ཀྲུང་གོའི་འཕེལ་རྒྱས་ནི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡིན། ཀྲུང་གོའི་སྒོ་ཆེན་ནམ་ཡིན་ཡང་འཛམ་གླིང་ལ་ཆེས་ཆེར་ཕྱེ་ཡོད་ལ། ཧྥ་རན་སི་དང་ཡོ་རོབ་གླིང་གི་སྒོ་ཆེན་ཡང་ཀྲུང་གོའི་དངུལ་གཏོང་པར་འདྲ་མཉམ་སྒོས་འབྱེད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ནམ་ཡིན་རུང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་ངོས་འཛིན་བྱེད་བཞིན་ཡོད་ལ། ཧྥ་རན་སི་དང་ཡོ་རབ་གླིང་དང་མཉམ་དུ། ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བརྟན་པོ་དང་། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། རང་དབང་སྒོ་འབྱེད་ཀྱི་ཉོ་འཚོང་དང་དངུལ་གཏོང་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་སྒུལ་ཤུགས་སྣོན་འདོད་ཡོད། ང་ཚོས་དཀྱེལ་ཡངས་བཟོད་སྒོམ་གྱི་རྣམ་འགྱུར་བཟུང་ནས་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་དགོས། ང་ཚོས་གསར་སྤེལ་གསར་གཏོད་བྱས་ཏེ་ཀྲུང་གོ་དང་ཧྥ་རན་སིའི་འཆར་འགོད་སྦྲེལ་མཐུད་ལ་ཤུགས་བསྣན་ནས། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་མཉམ་ལས་ཀྱི་གྲུབ་འབྲས་སྐྱེད་སྲིང་བྱེད་དགོས། ང་ཚོས་རྒྱལ་ཁབ་ཆེན་པོའི་ཁག་ཁུར་ལག་བསྟར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ཁི་ལུང་གིས་ཧྥ་རན་སིའི་ཁེ་ལས་ཀྱིས་མདུན་སྐྱོད་ལྷོད་མེད་ཀྱི་སྤོབས་པ་བཅངས་ནས་མུ་མཐུད་དུ་ཀྲུང་གོའི་ཁྲོམ་ར་གསར་སྤེལ་བྱེད་དགོས། ཧྥ་རན་སི་དང་ཡོ་རོབ་གླིང་གིས་ཀྱང་ཀྲུང་གོར་ཁྲོམ་རའི་སྒོ་འབྱེད་དགོས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་གཏོང་བར་དགའ་བསུ་ཞུས་ཏེ། ཁོ་ཚོར་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་དགོས། ཧྥ་རན་སི་དང་ཀྲུང་གོ་དང་། ཡོ་རོབ་གླིང་དང་ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་ཉོ་འཚོང་རྩ་འཛུགས་ཀྱི་བཅོས་སྒྱུར། ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ་སོགས་ཕྱོགས་ཀྱི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

དབྱང་ཅེ་ཁྲི་དང་ཧུའུ་ཁྲུན་ཧྭ། ཝང་དབྱི། ཧི་ལིས་ཧྥེང་སོགས་གོང་གི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།