ལིས་ཁི་ཆང་གིས་ཐེ་གོའི་ཙུང་ལི་པཱ་ཡུས་དང་གྲོས་མོལ་མཛད།

1125196244_15729661252571n.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ཙུང་ལི་བཞུགས་ཤག་ནས་ཐེ་གོའི་ཙུང་ལི་པཱ་ཡུས་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མན་ཀུའུ་ཙུང་ལི་བཞུགས་སྒར་ནས་ཐེ་གོའི་ཙུང་ལི་པཱ་ཡུས་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་ཐེ་གོ་ཕྱོགས་ཀྱིས་རྒྱལ་ཁའི་ངང་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་རིམ་བསྟར་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་གཉིས་ནི་ཆེས་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲས་མོ་ཧྲི་ལིན་ཐུང་ལ་རྒྱལ་ཁབ་ཀྱི་མཛའ་བརྩེའི་རྟགས་མ་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་པ་མངོན་པར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ཇེ་དམ་དུ་བཏང་ནས། ཀྲུང་གོ་དང་ཐེ་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་དོན་དེ་ཐེ་གོ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱས་ཏེ། མཉམ་གྲོས་མཉམ་བསྐྲུན་དང་མཉམ་སྤྱོད་བཅས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

པཱ་ཡུས་ཀྱིས་ལྷག་བསམ་འཁོལ་བའི་ངང་ནས་ཙུང་ལི་ལིས་ཁི་ཆང་གིས་དངོས་སུ་ཐེ་གོར་འཚམས་འདྲི་བྱས་པར་མ་ཟད། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་རིམ་བསྟར་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་རྒྱལ་ཁབ་དེ་ཤར་ཕྱོགས་མནའ་འབྲེལ་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཏུ་བརྩིས་ནས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།

པཱ་ཡུས་ཀྱིས་བསྟན་དོན། ཐེ་གོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་བདེ་བླག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་ཇེ་དམ་དུ་འགྲོ་བཞིན་ཡོད་པས། ཐེ་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

གྲོས་ཚོགས་ཀྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཀྲུང་གོ་དང་ཐེ་གོའི་ཚན་རྩལ་གསར་སྐྲུན་དང་གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་བཀོད་པར་མཉམ་དུ་བདེན་དཔང་བྱས། ཕྱོགས་གཉིས་ཀྱིས་ད་དུང་སྲིད་གཞུང་བར་གྱི་མཉམ་འབྲེལ་གསར་འགྱུར་གསལ་བསྒྲགས་སྤེལ།

གྲོས་ཚོགས་ཀྱིས་སྔོན་ལ་པཱ་ཡུས་ཀྱིས་ཙུང་ཐུང་བཞུགས་སྒར་མདུན་གྱི་ཐང་ཆེན་ནས་ཙུང་ལི་ལིས་ཁི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།

རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་གོང་གསལ་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།